འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་། དབུལ་སྒྲོལ་འགག་ སྒྲོལ་རོགས་སྐྱོར་བྱས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་། དབུལ་སྒྲོལ་འགག་ སྒྲོལ་རོགས་སྐྱོར་བྱས།
          ཉེ་ལམ་ལོ་ཤས་རིང་། སི་ཁྲོན་དབྱི་པིན་གྲོང་ཁྱེར་ཤིན་ཝུན་རྫོང་གིས་ཡུལ་སྐོར་ཐོན་ལས་དེ་ཉིད་རྫོང་དེ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་ཁྲིད་ཐོན་ལས་ཤིག་ཏུ་བརྩིས་པ་དང་། ཤིན་ཝུན་རྫོང་ནི་མི་རིགས་མང་པོ་འདུས་སྡོད་ཆེ་བའི་རྫོང་ཞིག་ཡིན་པ་དང་། རྫོང་དེར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མང་པོ་ཡོད་པས། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་ཡོད་པ་རེད། 2018ལོའི་ཟླ་1པོ་ནས་9པའི་བར། ཤིན་ཝུན་རྫོང་ལ་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་76.23བྱུང་ནས་མི་37500དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་ཐུབ་ཅིང་། འདི་ནི་ཤིན་ཝུན་རྫོང་ཧྲི་ཧའེ་འཛམ་གླིང་ས་གཤིས་སྤྱི་གླིང་ནང་ལས་དོན་མི་སྣས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་ཨ་རག་འདེགས་བཞིན་པ་རེད།