འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།ཀྲུང་གོའི་འོད་སྣང་བྱ་གཞག་གིས་ཡུན་ནན་རྒྱལ་མོ་རྔུལ་ཆུ་ཀྲོའུ་ཡི་གནད་སྨིན་དབུལ་སྐྱོར་ལ་རོགས་རམ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། “ཀྲུང་གོའི་འོད་སྣང་བྱ་གཞག་གི་རྒྱལ་མོ་རྔུལ་ཆུའི་བྱ་སྤྱོད”ཅེས་པའི་བྱེད་སྒོ་ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཀྲོའུ་ལུའུ་ཧྲུའེ་གྲོང་ཁྱེར་དུ་གཉེར་ཞིང་། དེ་ནི་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་རྒྱལ་མོ་རྔུལ་ཆུ་ཀྲོའུ་ཡི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱ་ཆེད་ཡིན་པ་རེད།
          རྒྱལ་མོ་རྔུལ་ཆུ་ཀྲོའུ་ནི་རང་རྒྱལ་གྱི་ཤིན་ཏུ་དབུལ་བའི“ས་ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གྲས་ཤིག་རེད། རྒྱལ་མོ་རྔུལ་ཆུ་ཀྲོའུ་ཡི་མང་ཚོགས་ཀྱི་དབུལ་སྒྲོལ་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་ཆེད། རྒྱལ་ཡོངས་ས་གནས་ཁག་གི་དམངས་གཉེར་ཁེ་ལས་200ཙམ་གྱིས་ཀྲུང་གོའི་འོད་སྣང་བྱ་གཞག་སྐུལ་འདེད་ལྷན་ཚོགས་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི“ཀྲུང་གོའི་འོད་སྣང་བྱ་གཞག་གི་རྒྱལ་མོ་རྔུལ་ཆུའི་བྱ་སྤྱོད”ཅེས་པའི་བྱེད་སྒོར་ཞུགས་ཡོད་པ་རེད།
         ད་རེས་ཀྱི“ཀྲུང་གོའི་འོད་སྣང་བྱ་གཞག་གི་རྒྱལ་མོ་རྔུལ་ཆུའི་བྱ་སྤྱོད”ཅེས་པའི་བྱེད་སྒོའི་ཐོག་རྣམ་གྲངས་50ཙམ་ལ་མིང་རྟགས་བཀོད་པར་བསྡོམས་མ་རྩ་སྒོར་དུང་ཕྱུར་295.4བཏང་ཡོད། བྱེད་སྒོའི་ཐོག་སྤྱི་ཕན་ཞལ་འདེབས་བསྡོམས་སྒོར་དུང་ཕྱུར་1.6ལྷག་ཙམ་རག་པ་དེ་དག་རྒྱལ་མོ་རྔུལ་ཆུ་ཀྲོའུ་ཡི་མང་ཚོགས་དབུལ་པོར་འཚོ་བའི་མཁོ་ཆས་བཀོད་སྒྲིག་བྱེད་པ་དང་། ཐོན་ལས་རོགས་སྐྱོར་ཐེབས་རྩ་འཛུགས་པ། “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་པ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་བ་བཅས་ཀྱི་ཐད་སྤྱོད་རྒྱུ་ཡིན་པ་རེད།
          འོད་སྣང་བྱ་གཞག་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྐུལ་སྤེལ་འོག་ཀྲུང་གོའི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མི་སྣས་1994ལོར《རྒྱལ་ཁབ་ཀྱི་བརྒྱད་བདུན་དབུལ་སྐྱོར་འགག་སྒྲོལ་འཆར་གཞིར》གཞོགས་འདེགས་བྱེད་ཆེད་འགོ་བརྩམས་ཏེ་ལག་ལེན་བསྟར་བའི་སྤྱི་ཚོགས་དབུལ་སྐྱོར་བྱ་གཞག་ཅིག་ཡིན། 
        “འོད་སྣང་བྱ་སྤྱོད”ཅེས་པའི་བྱེད་སྒོ་ནི་འོད་སྣང་བྱ་གཞག་གི་སྤུས་རྟགས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་དུ་ལྟ་ཞིབ་དང་མ་རྩ་གཏོང་བ་དང་། ཡུལ་དེའི་དགོས་མཁོར་གཞིགས་ནས་སྤྱི་ཕན་ཞལ་འདེབས་འབུལ་བ། ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པ། མི་ཚོགས་དབུལ་པོའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད།