འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་16ཉིན།

༄༅།།རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་དབུལ་སྐྱོར་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་16ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་རོགས་སྐྲུན་བྱས་པའི་རྨ་སྟོད་རྫོང་གི་ཀྲའོ་ཝ་4.4ཡི་འོད་ཤུགས་དབུལ་སྐྱོར་གྲོང་འབྲེལ་གློག་ཁང་ནས་ཚེས་12ཉིན་དངོས་སུ་གློག་གཏོང་འགོ་ཚུགས་པ་རེད། གློག་ཁང་དེ་ནི་མིག་སྔའི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་དབུལ་སྐྱོར་གློག་ཁང་ཞིག་རེད།
         ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཡོད་པ་དང་རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྨ་སྟོད་རྫོང་ནི་ད་ཆ་འཚོ་སྡོད་ཁོར་ཡུག་ཞན་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ས་བབ་མཐོ་ཚད་སྨི་4290དུ་ཡོད་པའི་རྨ་སྟོད་རྫོང་གི་ཀྲའོ་ཝ་4.4ཡི་འོད་ཤུགས་དབུལ་སྐྱོར་གྲོང་འབྲེལ་གྱི་གློག་ཁང་ལ་ཁྱོན་མ་དངུལ་སྒོར་ཁྲི་3200བཏང་བ་དང་། སྔོན་རྩིས་བྱས་ན་ལོར་གློག་ཆུ་ཚོད་ཆན་ཝ་ཁྲི་680གཏོང་རྒྱུ་དང་འབྲེལ། ལོར་བྱུང་བའི་གློག་རིན་སྒོར་ཁྲི་400ཚང་མ་རྨ་སྟོད་རྫོང་གི་མི་འབོར་དབུལ་པོའི་དབུལ་སྒྲོལ་ཐད་སྤྱོད་རྒྱུ་ཡིན་པ་རེད།
        རྨ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་ཆོས་བཟང་གིས“གློག་ཁང་བསྐྲུན་པ་དེས་ཕྱོགས་གཅིག་ནས་རྨ་སྟོད་ས་ཁུལ་གྱི་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ལ་སྐུལ་མ་ཐེབས་རྒྱུ་དང་། གཅིག་ཤོས་ནས་རྨ་སྟོད་རྫོང་གི་དུད་ཚང་628དང་མི་1686ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་3000ཡན་འཕར་རྒྱུ་རེད”ཅེས་བཤད།