འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།རྒྱལ་ལམ་318བརྒྱུད་ནས་བོད་ལྗོངས་སུ་འགྲོ་འོང་བྱེད་མཁན་བསྐོར་ནས་རྒྱལ་ལམ་214ལ་བསྐྱོད་དགོས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་བར་གཞིགས་ན། འཇོ་མདའ་རྫོང་སྤོ་ལོ་ཤང་གི་མངའ་ཁོངས་སུ་རི་ཉིལ་བས་ས་ཁོངས་དེའི་ཉེ་དུས་ཀྱི་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཆེད། རྒྱལ་ལམ་318ལམ་ཐིག་གི་སྨར་ཁམས་རྫོང་བརྒྱུད་ནས་སི་ཁྲོན་ས་ཁོངས་སུ་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ཚང་མ་བཀག་བསྡོམ་བྱས་ཡོད་པ་དང་། བོད་ལྗོངས་ས་ཁོངས་སུ་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་གྱིས་བསྐོར་ནས་རྒྱལ་ལམ་214ལམ་ཐིག་གི་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་དང་ཡང་ན་ལམ་བུ་གཞན་བརྒྱུད་ནས་བསྐྱོད་དགོས་ཅིང་། འཁྱིལ་མཚོའི་ཉེན་ཁ་སེལ་རྗེས་ལོགས་སུ་བརྡ་སྦྱོར་གཏོང་རྒྱུ་ཡིན་པ་རེད།
         ཟླ་10ཚེས་11ཉིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་མངའ་ཁོངས་སུ་རི་ཉིལ་བའི་གནས་ཚུལ་ཐོན་ཏེ་འཁྱིལ་མཚོ་ཆགས་པ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་གནོད་འཚེ་ཚབས་ཆེན་བྱུང་ཡོད། མིག་སྔར་ཉེན་སེལ་ལས་ཀ་བྱེད་བཞིན་ཡོད་ཅིང་། ཟླ་10ཚེས་12ཉིན་གྱི་ཆུ་ཚོད་17དང་སྐར་མ་20ཡི་ཡས་མས་སུ་འཁྱིལ་མཚོའི་མཐོ་ཚད་རགས་ལས་འགལ་ཏེ་རང་བཞིན་དུ་གཤམ་དུ་རྒྱུག་ནས་སྨར་ཁམས་རྫོང་ས་ཁོངས་ཀྱི་རྒྱལ་ལམ་318རྒྱུད་ཀྱི་ལམ་དུམ་བུ་ཁག་གཅིག་ཆུས་སྣུབ་ཡོད།