འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།པད་མ་འཕྲིན་ལས་ཀྱིས་ཨོ་སི་ཁྲུ་རི་ཡར་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན། ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཨོ་སི་ཁྲུ་རི་ཡར་འཚམས་འདྲིར་གནང་ཡོད་ཅིང་། ཨོ་སི་ཁྲུ་རི་ཡ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་སུའུ་པོ་ཐེ་ཁ་དང་། གྲོས་དཔོན་ཨང་གསུམ་པ་ཅི་ཚེ་མུའུ་ལེ། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་པུའུ་ལུན་ན་སོགས་སོ་སོར་མཇལ་འཕྲད་གནང་ཡོད།
         པད་མ་འཕྲིན་ལས་ཀྱིས། ད་ལོའི་ཟླ་བཞི་པར། ཀྲུང་ཨོའི་མཛའ་གྲོགས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་གཏན་འཁེལ་བྱས་པ་ནས། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་སྤེལ་རེས་དེ་བས་མང་བ་སྤེལ་ཏེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་ཡོང་བ་དང་། ཀྲུང་ཨོའི་མཛའ་གྲོགས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་གསུངས།
         ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས། ཀྲུང་གོ་ནི་ཨོ་སི་ཁྲུ་རི་ཡའི་ཨེ་ཤ་ཡའི་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཡིན་ཞིང་། མུ་མཐུད་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་གཏིང་ཟབ་ཏུ་བཏང་སྟེ་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་གཉིས་ཁེ་གཉིས་ཕན་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།