འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།ཀི་ནེ་ཡའི་ཙུང་ཐུང་གིས་ཀི་ཀྲུང་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་
ཅེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ན་ཁེ་རི་ནས་གློག་འཕྲིན་འབྱོར་གསལ། ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་ཡིས་ཉེ་ཆར་ཀྲུང་གོ་ནི་ཀི་ནེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཤིག་ཡིན་པས། ཀི་ནེ་ཡ་ཕྱོགས་ཀྱིས་ཀི་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
     ཁུང་ཏའེ་ཡིས་དེ་ཉིན་ཙུང་ཐུང་ལས་ཤག་ཏུ་གསར་དུ་བསྐོ་གཞག་བྱས་པའི་ཀི་ནེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོང་ཝུའེ་ཡིས་རྒྱལ་དོན་གཞུང་ཡིག་ཕུལ་བ་དང་ལེན་བྱེད་སྐབས། ཀི་ཀྲུང་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ནི་ཀི་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་ཅིང་། ཁོང་གིས་ཟླ་བ་གོང་མའི་ཟླ་འགོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་རིང་གྲོས་མཐུན་བྱུང་བའི་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ལ་བློ་ཡིད་ཤིན་ཏུ་ཚིམ་པོ་བྱུང་ཞེས་བཤད།
     ཧོང་ཝུའེ་ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་སང་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་ཀིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འབྲས་བུ་དེ་བས་གཡུར་དུ་ཟ་བ་འཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་བཤད།