འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་15ཉིན།

༄༅།།བོད་ལྗོངས་སུ་རི་ཉིལ་བའི་གནོད་འཚེ་ཕོག་པའི་སློབ་ཆུང་གི་དགེ་སློབ་བདེ་འཇགས་ངང་གནས་གཞན་དུ་སྤོས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་15ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།བོད་ལྗོངས་སུ་རི་ཉིལ་བའི་གནོད་འཚེ་ཕོག་པའི་སློབ་ཆུང་གི་དགེ་སློབ་བདེ་འཇགས་ངང་གནས་གཞན་དུ་སྤོས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཐང་ཕུ་ཤང་ལྟེ་བའི་སློབ་ཆུང་དུ་འཇོ་མདའ་རྫོང་སྤོ་ལོ་ཤང་གི་སློབ་ཆུང་དང་པོའི་སློབ་མས་དགུང་ཟས་བཟས་རྗེས་ཕོར་པ་འཁྲུ་བར་འགྲོ་བཞིན་ཡོད་ཅིང་། ཟླ་10ཚེས་11ཉིན་གྱི་ཐོ་རེངས་སུ། འབྲི་ཆུ་རྒྱུག་སའི་ཁྲོན་བོད་གཉིས་ཀྱི་ས་འབྲེལ་མཚམས་སུ་ཡོད་པའི་འཇོ་མདའ་རྫོང་སྤོ་ལོ་ཤང་འབམ་གོང་གྲོང་ཚོར་རི་ཉིལ་ཏེ་ཆུ་གཞུང་འགགས་ནས་འཁྱིལ་མཚོ་ཆགས་ཤིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སེལ་བྱས་ཡོད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་གི་སློབ་ཆུང་དང་པོ་ཆུས་བསྣུབས་པ་དང་ཚེས་12ཉིན་དགེ་སློབ་ཁག་གཅིག་སྤོ་ལོ་ཤང་དང་ཐག་ཉེ་ཤོས་ཡིན་པའི་ཐང་ཕུ་ལྟེ་བའི་སློབ་ཆུང་དུ་བདེ་འཇགས་ངང་སྤོས་ཡོད། མིག་སྔར་དགེ་སློབ་ཚོའི་སློབ་སྦྱོང་དང་འཚོ་བ་བཀོད་སྒྲིག་འཚམ་པོ་བྱུང་ཡོད་པ་རེད།