འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་12ཉིན།

༄༅།།2018ལོའི་འཛམ་གླིང་རིག་ནུས་བཟོ་སྐྲུན་ཚོགས་ཆེན་དང་རིག་ནུས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་འགྲེམས་
ཚོགས་ནན་ཅིང་དུ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་12ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2018ལོའི་འཛམ་གླིང་རིག་ནུས་བཟོ་སྐྲུན་ཚོགས་ཆེན་དང་རིག་ནུས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་འགྲེམས་
ཚོགས་ནན་ཅིང་དུ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་11ཉིན། 2018ལོའི་འཛམ་གླིང་གི་རིག་ནུས་བཟོ་སྐྲུན་ཚོགས་ཆེན་དང་རིག་ནུས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་འགྲེམས་ཚོགས་ནན་ཅིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་སྤེལ་བ་རེད།  ད་ཐེངས་ཀྱི་འགྲེམས་ཚོགས་ཀྱིས"ནུས་སྤྲོད་རིམ་སྤོར་དང་། མ་འོངས་བཟོ་སྐྲུན"བརྗོད་བྱ་གཙོ་བོར་བྱས་བ་དང་།  འགྲེམས་སྟོན་བྱ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་5ཙམ་ཡོད་ཅིང་། ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་1900ཚོགས་ཆེན་དངའགྲེམས་ཚོགས་ནང་ཞུགས་ཡོད། འགྲེམས་ཚོགས་ནང་རྒྱལ་ཁབ་ཕྱི་ནང་གི་རིག་ནུས་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ལག་རྩལ་གསར་ཤོས་དང་ཐོན་རྫས་རྩེ་གྲ་སྟོན་རྒྱུ་དང་། རྒྱལ་ནང་གི་རིག་ནུས་བཟོ་སྐྲུན་དཔེ་སྟོན་ཁེ་ལས་ཀྱི་གྲུབ་འབྲས་གསར་པ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། དུས་མཚུངས་སུ་རིག་ནུས་བཟོ་སྐྲུན་གྱི་དངོས་སྤྱོད་ཐད་ཀྱི་ཆེས་མདུན་ཕྱོགས་ཀྱི་ཐག་གཅོད་ཇུས་གཞི་མཉམ་རོལ་བྱ་རྒྱུ་རེད།
༄༅།།2018ལོའི་འཛམ་གླིང་རིག་ནུས་བཟོ་སྐྲུན་ཚོགས་ཆེན་དང་རིག་ནུས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་འགྲེམས་
ཚོགས་ནན་ཅིང་དུ་སྤེལ་བ།