འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་12ཉིན།

༄༅།།“རྣ་གསང་མིག་གསལ་གྱི་འཆར་གཞིས”ལྷ་སར་མིག་ཤེད་དང་ཉན་ནུས་སྨན་བཅོས་བྱེད་སའི་ས་ཚིགས་ཐོག་མ་དེ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་12ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།“རྣ་གསང་མིག་གསལ་གྱི་འཆར་གཞིས”ལྷ་སར་མིག་ཤེད་དང་ཉན་ནུས་སྨན་བཅོས་བྱེད་སའི་ས་ཚིགས་ཐོག་མ་དེ་བཙུགས་པ།
       མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན། “རྣ་གསང་མིག་གསལ་འཆར་གཞིས”བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་སྲང་ལམ་དོན་གཅོད་ཁང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་མིག་ཤེད་དང་ཉན་ནུས་སྨན་བཅོས་བྱེད་སའི་ས་ཚིགས་ཐོག་མ་དེ་བཙུགས་ཡོད། རྒྱལ་སའི་གསོ་རིག་སློབ་གྲྭ་ཆེ་མོའི་ཞོར་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་ནས་ཡོང་བའི་རིགས་གཅིག་མཁས་ཅན་ཚོགས་པས་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་500ལྷག་ཙམ་ལ་དུས་ཡུན་ཉིན་ལྔའི་མིག་ཤད་དང་ཉན་ནུས་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ཡོད། “རྣ་གསང་མིག་གསལ་འཆར་གཞི”ནི་ཀྲུང་གོ་ལོ་ཆུང་བྱིས་པ་ཐེབས་རྩ་ཚོགས་པའི་བྱིས་པའི་བདེ་ཐང་སློབ་གསོ་དང་སྨན་བཅོས་དབུལ་སྐྱོར་གྱི་ཆེད་སྤྱོད་ཐེབས་རྩས་རྒྱབ་སྐྱོར་བྱས་པའི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་པ་དང་། སྨན་བཅོས་ཀྱི་ཆེད་ལས་ལག་རྩལ་གསོ་སྦྱོང་བྱེད་པ་དང་གཞི་རིམ་གྱི་སྨན་བཅོས་ས་ཚུགས་བཙུགས་པ་སོགས་བརྒྱུད། རང་རྒྱལ་གྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་གཞི་རིམ་སྨན་དོན་མི་སྣའི་ཆེད་ལས་རྩལ་ནུས་རིམ་བཞིན་མཐོ་རུ་གཏོང་རྒྱུ་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིས་ཁེར་རྐྱང་ངང་མིག་ཤེད་དང་ཉན་ནུས་གྱི་ནད་གཞི་བརྟག་དཔྱད་དང་སྨན་བཅོས་བྱེད་པར་རོགས་སྐུལ་བྱ་རྒྱུ་ཡིན་པ་རེད།
༄༅།།“རྣ་གསང་མིག་གསལ་གྱི་འཆར་གཞིས”ལྷ་སར་མིག་ཤེད་དང་ཉན་ནུས་སྨན་བཅོས་བྱེད་སའི་ས་ཚིགས་ཐོག་མ་དེ་བཙུགས་པ།