འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་12ཉིན།

༄༅།།གངས་ཆེན་པོ་བབས་པའི་རྐྱེན་གྱིས་བོད་ལྗོངས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ལུས་པའི་
ཡུལ་སྐོར་བ་200ལྷག་ཙམ་བདེ་འཇགས་ངང་ཕྱིར་འཐེན་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་11ཉིན། 12:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།གངས་ཆེན་པོ་བབས་པའི་རྐྱེན་གྱིས་བོད་ལྗོངས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ལུས་པའི་
ཡུལ་སྐོར་བ་200ལྷག་ཙམ་བདེ་འཇགས་ངང་ཕྱིར་འཐེན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གངས་ཆེན་པོ་བབས་པའི་རྐྱེན་གྱིས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ལུས་པའི་ཡུལ་སྐོར་བ་200ལྷག་ཙམ་བདེ་འཇགས་ངང་ཕྱིར་འཐེན་བྱས་ཟིན་པ་དང་། ནོར་ལུག་སྟོང་ཕྲག་ས་བབ་དམའ་བའི་ཁུལ་དུ་གནས་སྤོ་བྱེད་འགོ་ཚུགས་ཡོད་ལ་ལྷ་ས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་ཡང་ཤར་གཏོང་ཐུབ་ཡོད།
        ཟླ་10ཚེས་4ཉིན། གནམ་མཚོའི་མཛེས་ལྗོངས་ཁུལ་དུ་གངས་བབས་འགོ་ཚུགས་ནས། ཚེས་7ཉིན་གྱི་དགོང་མོ་ནས་བཟུང་གངས་ཇེ་ཆེར་འགྲོ་འགོ་ཚུགས་ཡོད། གངས་གསོག་མཐུག་ཚད་ལི་སྨི་50ཟིན་པ་དང་མཐུག་ཚད་མཐོ་ཤོས་ལི་སྨི་70ཟིན་ཡོད། གངས་ཆེན་པོ་བབས་པས་ཡུལ་སྐོར་བ་200ལྷག་ཙམ་དང་ཡུལ་སྐོར་རླངས་འཁོར་51མཛེས་ལྗོངས་ཁུལ་དུ་ལུས་པ་དང་ནོར་ལུག་ཁྲི་2ལྷག་ཙམ་ཡང་ལུས་ཡོད།
        འདམ་གཞུང་རྫོང་གི་རྫོང་དཔོན་འཆི་མེད་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གངས་བབས་ཟིན་རྗེས་འདམ་གཞུང་རྫོང་གིས་ལས་བྱེད་པ་དང་མང་ཚོགས་500ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། གངས་ཕྱགས་འཕྲུལ་འཁོར་11བཏང་བས་དུས་ཐོག་ཏུ་འགྲོ་ལམ་ཤར་གཏོང་སླར་གསོ་བྱུང་ནས་མཛེས་ལྗོངས་ཁུལ་དུ་ལུས་པའི་ཡུལ་སྐོར་བ་བདེ་འཇགས་ངང་ཕྱིར་འཐེན་བྱེད་པའི་འགན་ལེན་བྱས་ཡོད། དེ་དང་དུས་མཚུངས་རྫོང་སྲིད་གཞུང་གིས་ད་དུང་ལས་དོན་ཚོགས་ཆུང་ཁག་བཞི་མངགས་གཏོང་བྱས་ནས་གནམ་མཚོ་ཤང་གི་གྲོང་ཚོ་ཁག་དུ་གནོད་འཚེ་ཕོག་པའི་གནས་ཚུལ་ཤེས་རྟོགས་བྱས་ཡོད།
        ཚེས་9ཉིན་གྱི་ཉིན་དགུང་། གངས་བབས་མཚམས་ཆད་ཡོད་པ་དང་གངས་གསོག་གཙང་འཕྱག་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་ཅིང་། ནོར་ལུག་གནས་སྤོའི་ལས་ཀ་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། གནམ་མཚོའི་མཛེས་ལྗོངས་ཁུལ་གནས་སྐབས་སྒོ་བརྒྱབ་པ་དང་སྒོ་ཕྱེ་བའི་དུས་ཚོད་གཏན་འཁེལ་བྱས་མེད། ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་ལས་མངོན་པར་གཞིགས་ན། མ་འོངས་ཉིན་གཉིས་གསུམ་ནང་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་གནམ་འཐིབས་པ་དང་། གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ་གཙོ་བོར་བྱེད་པ་དང་། སང་ཉིན་ནས་གནམ་གཤིས་དྲོད་ཚད་རིམ་བཞིན་ཆེ་རུ་འགྲོ་རྒྱུ་ཡིན་པ་བསྟན་ཡོད།
         གནམ་མཚོའི་མཚོ་ངོས་ཀྱི་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད་ཅིང་། བོད་ལྗོངས་ཀྱི་གནས་མཚོ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། ལོ་ལྟར་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་འདིར་ཡུལ་སྐོར་དུ་ཡོང་གི་ཡོད།
༄༅།།གངས་ཆེན་པོ་བབས་པའི་རྐྱེན་གྱིས་བོད་ལྗོངས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ལུས་པའི་
ཡུལ་སྐོར་བ་200ལྷག་ཙམ་བདེ་འཇགས་ངང་ཕྱིར་འཐེན་བྱས་པ།