འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་10ཉིན།

༄༅།།འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་སྒྱུར་
བཅོས་བར་བརྒལ་དུས་སྐབས་ཀྱི་ཐོབ་ཐང་མཚོན་རྟགས་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་10ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་ལས་བྱེད་པའི་མཚོན་རྟགས་ཡིན།
འདི་ནི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་ལས་བྱེད་པའི་མཚོན་རྟགས་ཡིན།
     མི་དམངས་དྲ་བའི་འཕྲིན། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཉེ་ཆར་སྤྱི་བསྒྲགས་སྤེལ་བ་ལས། ཀྲུང་གུང་ཀྲུང་དབྱང་གིས་《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུའི་ཇུས་གཞི་》ལ་གཞིགས་ནས། སྤྱི་བདེ་མེ་གསོད་དཔུང་ཁག་དང་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་ཁག་གི་དངོས་ཞབས་ཕྱིར་འཐེན་ནས་འཕྲལ་བསྟུན་དོ་དམ་པུའུ་ཡི་ཁོངས་སུ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་བཙུགས་པ་བསྟན་ཡོད། 2018ལོའི་ཟླ་10ཚེས་10ཉིན་གྱི་ཆུ་ཚོད་00:00ཐོག་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་ལས་གོས་གྱོན་ཆས་སྤྲོད་པའི་བར་དུ། སྤྱི་བདེ་མེ་གསོད་དཔུང་ཁག་དང་དྲག་ཆས་ནགས་ཚལ་དཔུང་ཁག ཉེན་རྟོག་སློབ་གླིང་གི་མི་སྣ་ཟུར་པ་ཡིས་དྲག་ཆས་དཔུང་ཁག་གི་ལས་གོས་གྱོན་ཆས་དང་མཚོན་རྟགས་རང་བཞིན་གྱི་གོས་གྱོན་མཚམས་བཞག་ནས། གཅིག་འགྱུར་ངང་དྲག་ཆས་མཚོན་རྟགས་མེད་པའི་སྦྱོང་བརྡ་བྱེད་མཁན་གྱི་གྱོན་ཆས་གྱོན་དགོས་པ་མ་ཟད། ད་དུང་གྱོན་ཆས་ལག་གཡོན་པའི་ཁུག་མའི་སྟེང་ལ་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་ཐོབ་ཐང་མཚོན་རྟགས་སྦྱར་དགོས།
【1】  【2】  【3】
འདི་ནི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་རུ་མིའི་མཚོན་རྟགས་ཡིན།
འདི་ནི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་རུ་མིའི་མཚོན་རྟགས་ཡིན།