འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་10ཉིན།

༄༅།།དབྱི་སི་རལ་སོགས་རྒྱལ་ཁབ་ཀྱི་ཞིབ་འཇུག་མི་སྣས་སུར་མངར་འཐུ་མཁན་འཕྲུལ་མི་གསར་སྤེལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་10ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན་དབྱི་སི་རལ་གྱི་ནེ་ཀའེ་ཧྥུའུ་པེན-ཀུའུ་ལི་ཨན་སློབ་ཆེན་གྱིས་སློབ་གྲྭ་དེའི་ཞིབ་འཇུག་མི་སྣས་རྒྱལ་ཁབ་མང་པོ་ཞིག་གི་ལས་རིགས་གཅིག་པ་དང་མཉམ་དུ་སུར་མངར་འཐུས་མཁན་འཕྲུལ་མི་ཞིག་གསར་སྤེལ་ཐུབ་བྱུང་ཞེས་ཁྱབ་བསྒྲགས་བྱས་པ་རེད།
         ནེ་ཀའེ་ཧྥུའུ་པེན-ཀུའུ་ལི་ཨན་སློབ་ཆེན་གྱིས་འཕྲུལ་མི་དེ་ད་དུང་ལེགས་བཅོས་བྱེད་སྒང་ཡིན་ཞིང་། ལེགས་བཅོས་ཟིན་རྗེས་ཆུ་ཚོད་24ཧྲིལ་པོ་ལས་ཀ་བྱེད་ཐུབ་པས་ཤིང་འབྲས་དང་སྔོ་ཚལ་རུལ་ཚད་ཉུང་དུ་ཆེས་ཆེར་འགྲོ་བ་དང་ངལ་རྩོལ་མ་གནས་ཆུང་དུ་འགྲོ་རྒྱུ་མ་ཟད། ཞིང་པར་ཁྲོམ་རའི་འཕར་ཆག་གི་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་ཕྱིན་ཏེ་ཞིང་ལས་དཔལ་འབྱོར་ལ་འགྱུར་ལྡོག་གལ་ཆེན་ཡོང་རྒྱུ་རེད་ཅེས་བསྟན་པ་རེད།