འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་10ཉིན།

༄༅།།ཀྲུང་ཧྭའི་གསུང་རབ་སྐྱོར་འབྲི་ཁྲིད་གསུམ་གྱི་རྟེན་གཞི་བསྐྲུན་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་10ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་འཛིན་སྐྱོང་སྤེལ་གསུམ་ཁྲོད་ཀྱི་སྐད་ཆ་དང་ཡི་གེའི་ནུས་པ་གལ་ཆེན་གང་ལེགས་འདོན་ཆེད། སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ཨུ་ལྷན་གྱིས་ཉེ་ཆར་《ཀྲུང་ཧྭའི་གསུང་རབ་སྐྱོར་ཀློག་འདུ་འགོད་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་ཧྭའི་གསུང་རབ་སྐྱོར་འབྲི་ཁྲིད་གསུམ་གྱི་རྟེན་གཞི་འདེམས་པ་དང་བསྐྲུན་རྒྱུ་ཁ་གསལ་བཏོན་པ་རེད།
     ཇུས་གཞིའི་ནང་། རྟེན་གཞིར་བརྟེན་ནས་ཕུན་སུམ་ཚོགས་པའི་སྐྱོར་ཀློག་དང་། འབྲི་བ། འགྲེལ་བཤད། གཏམ་བཤད། གྱེར་འདོན། གསར་རྩོམ། འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཀྲུང་ཧྭའི་གསུང་རབ་ཀྱི་ཞིབ་འཇུག་གསེད་བཀྲོལ་དང་། སློབ་གསོ་རྒྱུན་འཛིན། གསར་གཏོད་ཁྱབ་སྤེལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭའི་སྐད་ཡིག་རིག་གནས་ཕུལ་བྱུང་གཅིག་སྡུད་ཐོག་འགྲེམས་སྟོན་དང་། 
     དྲིལ་བསྒྲགས། ཁྱབ་སྤེལ་བྱེད་དགོས། སློབ་གྲྭ་དང་སྤྱི་ཚོགས་ལས་རིགས་ཁག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་གསུང་རབ་སྐྱོར་འབྲི་ཁྲིད་གསུམ་གྱི་ཚོགས་པ་དང་རྩ་འཛུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ས་གནས་ཀྱི་དཔེ་མཛོད་ཁང་དང་། དཔེ་ཚོང་ཁང་། རང་སྨྱན་སྦྱོར་སོགས་སློབ་སྦྱོང་བྱ་ཡུལ་དང་ཡོ་བྱད་བེད་སྤྱོད་གང་ལེགས་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭའི་སྐད་ཡིག་རིག་གནས་ཕུལ་བྱུང་དར་སྤེལ་དང་སྤྱི་ཚོགས་ཡོངས་སུ་གསུང་རབ་སྐྱོར་ཀློག་གི་རིག་གནས་ཁོར་ཡུག་ཅིག་གཏོད་དགོས་ཞེས་བཏོན་ཡོད།
     དགེ་རྒན་གྱི་ཐད་ཇུས་གཞིའི་ནང་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་གསུང་རབ་སྐྱོར་འབྲི་ཁྲིད་གསུམ་གྱི་སློབ་གསོའི་གསོ་སྦྱོང་འཆར་གཞི་ལག་བསྟར་བྱས་ནས་གསོ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཇུས་གཞིའི་ནང་གསུང་རབ་སྐྱོར་ཀློག་སློབ་ཚན་དང་སློབ་དེབ་མ་ལག་འཛུགས་སྐྱོང་བྱ་རྒྱུའང་ཁ་གསལ་བཟོས་ཡོད་པ་རེད།