འཚོལ་བཤེར།   
藏文频道
2018ལོའི་ཟླ་10ཚེས་9ཉིན།

༄༅།།ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་འགྱུར་ལྡོག་བྱུང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 10ཚེས་09ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་འགྱུར་ལྡོག་བྱུང་བ།
     མི་དམངས་དྲ་བའི་འཕྲིན། "ཤར་ཕྱོགས་དམར"གྱི་གཞས་གདངས་ནས"ལྷའི་ཕོ་བྲང"ཞེས་པ་མཁའ་དབྱིངས་སུ་བཏང་བ་དང་། རྒྱལ་ནང་ནས་ཐོན་པའི་གྲུ་གཟིངས་ཨ་མ་ཆུ་ཐོག་ཏུ་བསྐྱོད་པ་ནས"ཅོའོ་ལུང"ཞེས་པས་མཚོ་གཏིང་གི་གསང་བ་འཚོལ་ཞིབ་བྱེད་པའི་བར། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་འབད་བརྩོན་ཆེན་པོ་བྱས་པས། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་ཁྱོན་ཡོངས་ཀྱི་ནུས་པ་རྒྱུན་མཐུད་ངང་ཡར་རྒྱས་ཆེན་པོ་བྱུང་ཡོད།    
     གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན་ལ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རང་གཙོ་བོས་གསར་གཏོད་བྱེད་པའི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨོངས་ཚོད་ངང་ཡིད་ཆེས་མི་བྱེད་པ་དང་། རང་གཉའ་རང་གཅོག་མི་བྱེད་པས། ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་ད་ལྟ་ལོ་རྒྱུས་རང་བཞིན་གྱི་བར་བརྒལ་བྱུང་བཞིན་ཡོད་པ་དང་། ཀྲུང་གོའི་ས་གཞི་ཆེ་མོར"སྒུལ་ཤུགས་ཨང་དང་པོ"ཡི་དུས་རབས་ཀྱི་རླབས་སྒྲ་འཕྱུར་བཞིན་ཡོད།
【1】  【2】  【3】  【4】
༄༅།།ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་འགྱུར་ལྡོག་བྱུང་བ།