འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་30ཉིན།

༄༅།།ཀན་ལྷོ་ཀྲོའུ་ཡིས་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གནད་སྨིན་དབུལ་སྐྱོར་ལ་རམ་
འདེགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་30ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀན་ལྷོ་ཀྲོའུ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་སྐུལ་འདེད་གཏིང་ཟབ་བཏང་སྟེ་སེམས་ཐག་ཆོད་ལ་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་ཀྲོའུ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
     ཀན་ལྷོ་ཀྲོའུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལས་ཀའི་བྱེད་ཐབས་སྔར་བས་གསར་གཏོད་བྱས་ནས་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་རྫོང་དང་གྲོང་ཁྱེར་འགན་གཙང་བླངས་ནས་དམ་འཛིན་བྱེད་པའི་ལམ་ལུགས་བཟོས་པ་དང་། འདི་ལོ་ནས་བཟུང་། ལོ་3བསྟུད་མར་ཀྲོའུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་རྫོང་དང་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་དོ་དམ་ལས་དོན་གྱི་འགན་འཁྲི་བ་ཨང་དང་པོར་བརྩིས་ནས་ལས་དོན་ཁག་ལ་མཛུབ་ཁྲིད་ཞིབ་ཕྲ་བྱས་པ་རེད། རྫོང་དང་། གྲོང་ཁྱེར། ཤང་། གྲོང་རྡལ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྱང་ཚན་ཁག་གི་ཁོངས་མིས་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་འགན་གཙང་བླངས་ནས་དམ་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པས། འགན་གཙང་བླངས་ནས་དམ་འཛིན་བྱ་རྒྱུ་ཕྱོགས་ཡོངས་སུ་ཁྱབ་ཐུབ་པར་བྱུང་བ་མ་ཟད། “འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་དང་། གོང་འོག་མཉམ་འགུལ”དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།
     ཀན་ལྷོ་ཀྲོའུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་ཞིབ་ཚོགས་ཆུང་བཙུགས་ནས་སྔོན་བརྡ་མི་གཏོང་བ་དང་། སྙན་སེང་མི་ཉན་པ། རྫོང་དང་གྲོང་ཁྱེར་དང་ཐད་ཀར་འབྲེལ་གཏུག་མི་བྱེད་པ་བཅས་ཀྱི་བྱེད་སྟངས་སྤྱད་དེ་དུས་ངེས་མེད་ངང་ལྟ་ཞིབ་དང་མངོན་བཤེར་ལྐོག་ཞིབ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་སམ་ཡང་ན་ལས་ཀའི་ལྷུ་ཚིགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་མ་ཟད། རྫོང་དང་། གྲོང་ཁྱེར་། ཤང་། གྲོང་རྡལ་བཅས་སུ་ལྷག་པའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ལའང་དམིགས་ནས། ཤང་དང་གྲོང་རྡལ་23གྱི་དུད་ཚང་དབུལ་པོ་97ལ་བསྐྱོད་དེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྐོག་ཟ་ཧམ་བཟུང་དང་། ལྐོག་རྔན་སྤྲོད་པ། རྫུན་ཞུ་གཡོ་ལེན། བཀག་ཉར་སྒེར་སྤྱོད། བག་མེད་ཆུད་ཟོས། དགའ་ཉེ་ཕྱོགས་ཞེན་སོགས་ཀྱི་གནད་དོན་གཙོ་གནད་དུ་འཚོལ་ཞིབ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་པ་དང་། རྨོངས་ཚོད་ངང་ཇུས་ཐག་གཅོད་པ། མི་བདེན་རྫུན་སྒྲིག གྲངས་ཙམ་གྱི་དབུལ་སྒྲོལ་སོགས་ཀྱི་གནད་དོན་གཙོ་གནད་དུ་འཚོལ་ཞིབ་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་གྱི་ཁུངས་སྣེ་ཇི་མ་ཇི་བཞིན་ཀྲོའུ་སྒྲིག་ཨུད་རྒྱུན་ཨུད་ལ་སྙན་སེང་ཞུས་ཏེ་གནོན་ཤུགས་རིམ་པ་བཞིན་གཞི་རིམ་ལ་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པ་རེད།
     ལས་དོན་དངོས་དང་ཟུང་འབྲེལ་གྱིས་ཀན་ལྷོ་ཀྲོའུ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ད་དུང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་དོ་དམ་གྱི་ལས་ཀའི་ལམ་ལུགས་རབ་དང་རིམ་པ་བཟོས་ནས་འཐུས་སྒོ་ཚང་དུ་བཏང་ཞིང་། གནད་དོན་གྱི་གསལ་ཐོའི་ལམ་ལུགས་བཟོས་ནས་བདག་སྤྲོད་བྱས་པའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཚང་མའི་ཁུངས་སྣེར་གཞིགས་པ་དང་ཞིང་ཆེན་སྒྲིག་ཨུད་ཀྱིས་བརྡ་ཁྱབ་བཏང་བའི་མངོན་གསལ་དོད་པའི་གནད་དོན་50དང་ཀྲོའུ་ཡིས་གཏན་ལ་ཕབ་པའི་གཙོ་གནད་བཅོས་སྐྱོང་གནད་དོན་20དང་ཟུང་འབྲེལ་གྱིས་དོན་ཚན་རེ་རེ་བཞིན་ཞིབ་བསྡུར་དང་དོན་ཚན་རེ་རེ་བཞིན་གྲལ་བཤེར་བྱས་ནས་རྩིས་ཁྲར་དོ་དམ་དང་། བྱང་བུ་བཀལ་ནས་ལྟ་སྐུལ། རྩིས་ཐོ་ལྷག་མ་མེད་པ་བཟོ་བ་བཅས་ལག་བསྟར་བྱས་ཡོད་པ་རེད།