འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་30ཉིན།

༄༅།།ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བྱ་སྤྱོད་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་སོ་ལྔ་པར་
རྟེན་འབྲེལ་ཞུ་འཕྲིན་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་30ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། རྒྱལ་སྤྱིའི་བྱ་སྤྱོད་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་སོ་ལྔ་པ་ཚེས་28ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ཚོགས་ལ་རྟེན་འབྲེལ་ཞུ་འཕྲིན་སྤྲིངས་པ་རེད།
         ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་བྱ་སྤྱོད་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་སོ་ལྔ་པ་འཚོགས་འགོ་ཚུགས་པའི་སྐབས་འདིར། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ང་རང་མི་སྒེར་གྱི་མིང་ཐོག་ནས་ལོ་ཚོགས་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ཆབས་ཅིག ཚོགས་འདུར་ཞུཌ་མཁན་ལས་འཛིན་ལྷན་ཚོཌ་ཀྱི་ཁོངས་མི་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་འདི་ཉིད་ལོ་བརྒྱའི་ནང་ཐོན་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་དང་རྒྱལ་ཁབ་ཁག་ལ་འཕྲད་པའི་ཐུན་མོང་གི་ལས་འགན་ཡིན། སྐབས་འདིའི་ལོ་ཚོགས་ཐོག་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱ་རྒྱུར་དམིགས་ཡོད་པས། དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ཕྱོགས་ཁག་གིས་ཐུན་མོང་ངོས་འཛིན་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་རྒྱུ་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་འདུ་ཤེས་མཐའ་འཁྱོངས་བྱས་ཐོག ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།