འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་29ཉིན།

༄༅།།བོད་ལྗོངས་རུ་ཐོག་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པ་དང་མིག་སྔའི་བར་མི་སྣ་འཆི་རྨས་ཀྱི་གནས་ཚུལ་འབྱོར་མེད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་29ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་རུ་ཐོག་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པ་དང་མིག་སྔའི་བར་མི་སྣ་འཆི་རྨས་ཀྱི་གནས་ཚུལ་འབྱོར་མེད།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན། མཁོ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་ས་ཡོམ་རིམ་པ་5.1བརྒྱབ་པ་དང་། ཚེས་28ཉིན་གྱི་ཆུ་ཚོད་7པའི་བར། མི་སྣ་འཆི་རྨས་དང་།  ཁང་པ་རྡིབ་པ། རྒྱུ་ནོར་གྱོང་གུན་བཅས་ཀྱི་གནས་ཚུལ་འབྱོར་མེད་པ་དང་། གནོད་འཚེའི་གནས་ཚུལ་ལ་སྔར་ལས་ལྷག་པའི་ངང་ཞིབ་བསྡུར་བྱེད་བཞིན་ཡོད།    
     ས་ཡོམ་ཀྱི་གནས་ཚུལ་ཐོན་རྗེས།  མཁོ་བསྟུན་དོ་དམ་པུའུ་ཡིས་གནོད་འཚེའི་གནས་ཚུལ་མགྱོགས་མྱུར་ཞིབ་བསྡུར་བྱེད་པ་དང་།  ས་ཡོམ་གྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་ནས། འཕེལ་རིམ་གནས་ཚུལ་ལ་རྗེས་སྙེགས་དམ་ཟབ་བྱས་ཏེ། ས་ཡོམ་ཁུལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་རོགས་སྐྱོར་སྒྲིག་འཛུགས་བྱ་དགོས་པའི་བླང་བྱ་བཏོན་ཡོད།   
     ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་9ཚེས་28ཉིན་གྱི་ཆུ་ཚོད་5དང་སྐར་མ་13ཐོག བོད་ལྗོངས་མངའ་རིས་ས་ཁུལ་གྱི་རུ་ཐོག་རྫོང་(བྱང་གི་འཕྲེད་ཐིག་ཏུའུ་34.27དང་ཤར་གྱི་གཞུང་ཐིག་ཏུའུ་80.71)ལ་ས་ཡོམ་རིམ་པ་5.1བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་སྟོང་སྨི་6ཡིན་པ་རེད།