འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་29ཉིན།

༄༅།།《སེམས་ཀྱི་ཉི་ཟླ་འཚོལ་ཞིང་། འབའ་ལྷག་དཀར་རྫོང་དུ་སྐྱོད་པ་སྟེ་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར》གྱི་བྱ་དགའ་ཐོབ་པའི་
བརྩམས་ཆོས་འགྲེམས་སྟོན་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་29ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
གནས་རི་གནས་མཆོག
གནས་རི་གནས་མཆོག
     མི་དམངས་དྲ་བའི་འཕྲིན། 《སེམས་ཀྱི་ཉི་ཟླ་འཚོལ་ཞིང་། འབའ་ལྷག་དཀར་རྫོང་དུ་སྐྱོད་པ་སྟེ་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར》དེ་ནི་2017ལོའི་ཟླ་8པ་ནས་བརྩམས་ཆོས་བསྡུས་པ་དང་། 2018ལོའི་ཟླ་9པར་དཔྱད་འདེམས་མཇུག་སྒྲིལ་བ་རེད། དེའི་རིང་ལ་པར་ལེན་མཁན་མང་པོས་དགའ་བསུ་ཐོབ་ནས་འགྲན་བསྡུར་ལ་ཞུགས་པ་མ་ཟད། བརྩམས་ཆོས་ལེགས་པོ་གང་མང་བྱུང་ཡོད།
     ཐེངས་འདིའི་འགྲན་བསྡུར་ཆེན་པོ་ནི་ཀྲུང་གུང་བདེ་ཆེན་ཁུལ་ཨུད་དྲིལ་བསྒྲགས་པུའུ་དང་ཡུན་ནན་རིག་གནས་ཐོན་ལས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་དཀར་རྫོང་ཡུལ་སྐོར་སྒོ་འབྱེད་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་ཤིང་། འཛམ་གླིང་ཀྲུང་གོ་བའི་པར་ལེན་མནའ་འབྲེལ། ཀྲུང་གོའི་ཁེ་ལས་པའི་པར་ལེན་སློབ་ཚོགས། ཅང་སུའུ་ཞིང་ཆེན་ཁེ་ལས་པའི་པར་ལེན་མཐུན་ཚོགས། བདེ་ཆེན་སེམས་ཀྱི་ཉི་ཟླའི་པར་ལེན་མཁན་མཐུན་ཚོགས། སེམས་ཀྱི་ཉི་ཟླའི་པར་ལེན་མཁན་མཐུན་ཚོགས། ནན་ཅིང་གྲོང་ཁྱེར་ཁེ་ལས་པའི་པར་ལེན་མཐུན་ཚོགས་བཅས་ཀྱི་རོགས་སྒྲུབ་དང་། ཏཱ་ཅའོ་ཞིང་ཁོན་(པེ་ཅིང་) ཚན་རྩལ་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བ་རེད། དཔྱད་འདེམས་པས་དཔྱད་འདེམས་ནན་ཏན་བྱས་པ་བརྒྱུད། ཐེངས་འདིའི་པར་ལེན་འགྲན་བསྡུར་ཆེན་པོ་བདེ་བླག་ངང་མཇུག་སྒྲིལ་ཡོད། 
【1】  【2】  【3】  【4】  【5】  【6】
འབའ་ལྷག་དཀར་རྫོང་གནས་རིའི་རི་འདབས།
འབའ་ལྷག་དཀར་རྫོང་གནས་རིའི་རི་འདབས།