འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་26ཉིན།

༄༅།།ཀན་སུའུ་སྲིད་ཁྲིམས་ལས་ཁུངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“གཏན་འབེབས་གསར་པ”30བཏོན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་26ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ད་ཆ། ཀན་སུའུ་ཞིང་ཆེན་ནང་ཁུལ་དུ་ལས་ཞུགས་བྱེད་མཁན་ལོ་འདི་ག་དང་དེ་སྔའི་ཆེད་ཚན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གླིང་གི་སློབ་ཐོན་སློབ་མར་འབྲིང་རིམ་ཆེད་ལས་སློབ་གྲྭ་ཡན་གྱི་སློབ་རྒྱུས་སམ་ཡང་ན་འོས་འཚམ་གྱི་ཆེད་ལས་ལག་རྩལ་གྱི་གོ་མིང་ལྡན་པ་དང་། ཚན་ཞིབ་དང་། དོ་དམ། ཆེད་ལས་ལག་རྩལ་སོགས་ཀྱི་ལས་དོན་སྤེལ་མཁན་ཡིན་ཚེ་ས་གནས་དེ་ག་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་ཐོ་འགོད་བྱ་ཆོག་པ་དང་། སྡོད་ཁང་དང་སྡོད་གནས་ཀྱི་ཚོད་འཛིན་མེད་པ་རེད།
        ཤེས་ལྡན་མི་སྣ་གཞིས་ཚུགས་པའི“ཐོགས་མེད་བགྲོད་ལམ”ནི་ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད་བཏོན་པའི་བྱ་ཐབས་གསར་པ་ཡིན་པ་དང་། ཞིང་ཆེན་ཡོངས་སུ་ལག་བསྟར་བྱེད་བཞིན་ཡོད་པ་རེད། གསར་འགོད་པས་ལན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཡན་ལག་ཅུས་ཏུང་ཀང་ནུབ་ལམ་མངགས་གཏོང་ཁང་གི་ཁྱིམ་སྲིད་སྐར་ཁུང་དུ་སྐད་ཆ་འདྲི་སྐབས། གཞིས་ཚུགས་ལས་དོན་གཉེར་སྐབས་སློབ་ཐོན་ལག་ཁྱེར་དང་། ཐེམ་ཐོ་སྤོ་བའི་དཔང་ཡིག ལས་ཞུགས་ཚན་པའི་དཔང་ཡིག་བཅས་ཡོད་ཚེ་གལ་སྲིད་མི་དེ་རང་ས་གནས་ས་ཐོག་ཏུ་ཡོང་མ་ཐུབ་ན་དྲ་བ་ནས་གཉེར་ཆོག་པ་ཤེས་རྟོགས་བྱུང་བ་རེད།
       ཉེ་ཆར། 《ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་ནས་སྤྱི་ཚོགས་དང་སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་བྱ་ཐབས་30བཏོན་པ་རེད།