འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་25ཉིན།

༄༅།།བོད་ལྗོངས་སུ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་25ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་སུ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་འཚོགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་23ཉིན། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོའི་བོད་ལྗོངས་ཀྱི་ཚོགས་ར་གཙོ་བོའི་རྟེན་འབྲེལ་བྱེད་སྒོ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་སྤེལ་བ་དང་། གཞིས་རྩེ་སོགས་ས་ཁུལ་དང་། གྲོང་ཁྱེར་། རྫོང་། ཆུས་སུའང་ད་དུང་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཡན་ལག་ཚོགས་རའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
      རྟེན་འབྲེལ་བྱེད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བློ་མཐུན་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཞིང་པ་དུང་ཕྱུར་དུ་མའི་ལོ་ལེགས་དུས་ཆེན་ལ་གནང་བའི་སྨོན་འདུན་སྒྲོག་སྦྱངས་གནང་བ་རེད། 
     "ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན"བཙུགས་པ་དང་བོད་ལྗོངས་སུ་ལེགས་འགྲུབ་ལྡན་པའི་ངང་སྤེལ་བ་དེས་། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་། ཐོབ་པར་དཀའ་བའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།
༄༅།།བོད་ལྗོངས་སུ་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་འཚོགས་པ།