འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།གདོད་མའི་རྣམ་པའི་གླུ་གར་ཆེ་གྲས་《བོད་ཀྱི་གསང་བ》ལི་ཅང་དུ་འཁྲབ་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གདོད་མའི་རྣམ་པའི་གླུ་གར་ཆེ་གྲས་《བོད་ཀྱི་གསང་བ》ལི་ཅང་དུ་འཁྲབ་སྟོན་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། གཡུང་དྲུང་རྒྱལ་གྱིས་སྤྱི་ཁྱབ་བཟོ་འགོད་པའི་འགན་འཁུར་ཞིང་། ཞབས་བྲོ་སྒྱུ་རྩལ་པ་གྲགས་ཅན་དབྱང་ལི་ཕིང་གིས་འཁྲབ་ཚན་གྱི་སྤྱི་ཁྱབ་སྒྲིག་ཁྲིད་པ་དང་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་པའི་འགན་འཁུར་བའི་གདོད་མའི་རྣམ་པའི་གླུ་གར་ཆེ་གྲས་《བོད་ཀྱི་གསང་བ》ལི་ཅང་དུ་འཁྲབ་སྟོན་བྱས་པ་རེད།
    《བོད་ཀྱི་གསང་བ》ནི་《གནས་མཇལ》དང་ 《པི་ཝང་རྒྱུད་དྲུག་མ》 《འབྲོང་རྩེད》 《འཁོར་བའི་རྨི་ལམ》 《འཁྲབ་མཇུག་གུས་འདུད》བཅས་འཁྲབ་ཚན་ལྔ་ལ་དབྱེ་ཡོད་ཅིང་། བོད་ཀྱི་ཨ་མ་རྒན་མོ་ཞིག་གིས་མཐོང་སྣང་གཙོར་བྱས་ཏེ། བོད་ཁུལ་གྱི་གླུ་དང་གར། རོལ་དབྱངས་བཅས་བརྗོད་གཞི་བྱས་ནས། གྲངས་ཉུང་མི་རིགས་ཀྱི་འཁྲབ་སྟོན་པ་100ལྷག་གིས་བོད་མི་དམངས་ཀྱི་ནས་བསྡུ་བ་དང་། ནས་གཏིང་བ་སོགས་ཀྱི་སྣང་ཚུལ་དང་། བོད་རིགས་མི་དམངས་ཀྱི་འཚོ་བའི་གོམས་སྲོལ་སོགས་ཇི་མ་ཇི་བཞིན་དུ་འཁྲབ་སྟོན་བྱས་ཡོད། 
༄༅།།གདོད་མའི་རྣམ་པའི་གླུ་གར་ཆེ་གྲས་《བོད་ཀྱི་གསང་བ》ལི་ཅང་དུ་འཁྲབ་སྟོན་བྱས་པ།
༄༅།།གདོད་མའི་རྣམ་པའི་གླུ་གར་ཆེ་གྲས་《བོད་ཀྱི་གསང་བ》ལི་ཅང་དུ་འཁྲབ་སྟོན་བྱས་པ།