འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་མངགས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱས་པའི་རིང་ལ། སྤེལ་རེས་ཚོགས་པ་དང་ཁོ་རེ་ཡ་ལྷོ་མའི་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་དང་ནང་བསྟན་མི་སྣ། རིགས་གཅིག་མཁས་པ། དེ་བཞིན་དུ་ཁེ་ལས་འཐུས་ཚབ་སོགས་དང་གཏིང་ཟབ་པོའི་ངང་སྤེལ་རེས་བྱས་པ་སྟེ། བོད་ལྗོངས་དང་ཡུན་ནན་བོད་ཁུལ་གྱི་བོད་བརྒྱུད་ནང་བསྟན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་རེད། 
     ཁོ་རེ་ཡ་ལྷོ་མར་འཚམས་འདྲི་བྱས་པའི་སྐབས་སུ། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཁོ་རེ་ཡ་ལྷོ་མའི་ནང་ཆོས་བརྙན་འཕྲིན་ཁང་ཀྱི་ཆེད་དོན་བཅར་འདྲི་དང་ལེན་དང་ཁོ་རེ་ཡ་ལྷོ་མའི་ནང་བསྟན་མི་སྣའི་བར་དུ་བཞུགས་མོལ་བྱས་པ་རེད། སྤེལ་རེས་ཚོགས་པའི་ཚོགས་མིས་བོད་ཀྱི་ལོ་རྒྱུས་དང་དོན་དངོས། དེང་སྐབས་ཀྱི་བོད་རིག་པའི་ཞིབ་འཇུག་གི་གནས་ཚུལ། ཡུན་ནན་བདེ་ཆེན་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། བོད་ཁུལ་གྱི་དད་ལྡན་མང་ཚོགས་ཀྱི་དུས་རབས་གསར་པའི་དད་པ་དང་འཚོ་བ་སོགས་ཀྱི་སྐོར་བརྗོད་གཞི་བྱས་ནས། ཁོ་རེ་ཡ་ལྷོ་མའི་རིགས་གཅིག་མཁས་པ་ལ་ཞིབ་ཕྲའི་ངང་མཚམས་སྦྱོར་བྱས་པ་རེད། 
    ཐེངས་འདིའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཚན་ཁག་གི་ཨུ་ཡོན་ཧོ་ཧྲི་ཡོན་གྱིས་ཚོགས་གཙོའི་འགན་འཁུར་ཡོད་ཅིང་། ཚོགས་མི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་དཔོན་རིགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་མཁས་དབང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱི་འབྲེལ་རིག་གནས་སྤེལ་རེས་ཀྱི་དཔོན་རིགས་དང་སྤྲུལ་སྐུ་བཅས་ཡོད།