འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ཡར་ཀླུང་གཙང་པོའི་ཆུ་འགོ་བྱེ་ཐང་ཅན་དུ་འགྱུར་བར་བཅོས་སྐྱོང་བྱས་པའི་གྲུབ་འབྲས་མངོན་གསལ་ཡོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཡར་ཀླུང་གཙང་པོའི་ཆུ་འགོ་བྱེ་ཐང་ཅན་དུ་འགྱུར་བར་བཅོས་སྐྱོང་བྱས་པའི་གྲུབ་འབྲས་མངོན་གསལ་ཡོད་པ།
     མི་དམངས་དྲ་བའི་འཕྲིན། ཡར་ཀླུང་གཙང་པོའི་ཆུ་འགོ་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་ཆུ་བོའི་ཨ་མ་ལྟ་བུ་རེད། ཆུ་འགོ་ཡི་ས་གནས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཞིང་། ནམ་ཟླ་སྐམ་ཤས་ཆེ་བ། རླུང་ཆེན་ལྡང་བས། ཉིན་རེ་བཞིན་བྱེ་ཐང་ཅན་དུ་འགྱུར་བ་ཛ་དྲག་ཆེ་བ་ཡོད། ཉེ་བའི་ལོ་འགའི་རིང་དུ། ཡར་ཀླུང་གཙང་པོའི་ཁོར་ཡུག་གི་དངོས་ཡོད་ཀྱི་གནས་ཚུལ་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་ཀྱིས་ཁྱོན་ཡོངས་ནས་སྐྱེས་ཁམས་སྲུང་སྐྱོང་གཏན་འབེབས་ལག་བསྟར་བྱས་ནས། ཡར་ཀླུང་གཙང་པོའི་འབྱུང་ཁུངས་སུ་སྐྱེ་ཁམས་ནུས་པ་སྲུང་སྐྱོང་ཁུལ་འཛུགས་བསྐྲུན་བྱས་ཏེ། "མི་ཡིས་རྩྭ་བཏབ་པ""འབྲོག་ས་སྐྱུར་ནས་རྩྭ་ས་བསྐྱར་གསོ"སོགས་བྱ་ཐབས་སྣ་མང་ལག་བསྟར་བྱས་ཏེ། ཡར་ཀླུང་གཙང་པོའི་སྟོད་རྒྱུད་དུ་ཀྱི་སྔོ་ཁེབས་སྲུང་སྐྱོང་ཇེ་མཐོར་བཏང་ནས། བྱེ་ཐང་ཅན་འགྱུར་བར་འགོག་བཅོས་བྱས་པས་གྲུབ་འབྲས་མངོན་གསལ་བྱུང་ཡོད། 
༄༅།།ཡར་ཀླུང་གཙང་པོའི་ཆུ་འགོ་བྱེ་ཐང་ཅན་དུ་འགྱུར་བར་བཅོས་སྐྱོང་བྱས་པའི་གྲུབ་འབྲས་མངོན་གསལ་ཡོད་པ།