འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་146ཏུ་གཅིག་སྡུད་གཅིག་གྱུར་ངང་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་དངོས་པོ་མེད་པར་བཟོས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་146ཏུ་གཅིག་སྡུད་གཅིག་གྱུར་ངང་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་དངོས་པོ་མེད་པར་བཟོས་པ།
             མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན། སྤྱི་བདེ་པུའི་སྒྲིག་འཛུགས་འོག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་146ཏུ་གཅིག་སྡུད་གཅིག་གྱུར་ངང་མེ་མདའ་དང་འབར་གས་དངོས་པོ་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ་དང་། ན་ནིང་ནས་བཟུང་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྩིས་ལེན་དང་མང་ཚོགས་ཀྱིས་རང་འགུལ་ངང་གོང་འབུལ་ཞུས་པའི་ཁྲིམས་འགལ་གྱི་མེ་མདའ་ཁྲི་14ལྷག་ཙམ་དང་། འབར་རྫས། མེ་འདྲེན་སྦུ་གུ་སོགས་འབར་གས་དངོས་པོ་འབོར་ཆེན་ཞིག་བདེ་འཇགས་ངང་གཅིག་སྡུད་ཐོག་མེད་པར་བཟོས་ཡོད། ད་ཐེངས་ཀྱི་གཅིག་སྡུད་གཅིག་གྱུར་ངང་མེད་པར་བཟོ་བའི་བྱེད་སྒོའི་ཚོགས་རྭ་གཙོ་བོ་ཁྲུང་ཆིང་གྲོང་ཁྱེར་དུ་བཙུགས་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཆི་ཆི་ཧར་གྲོང་ཁྱེར་དང་། ཅང་སུའུ་ཞིང་ཆེན་གྱི་ནན་ཅིང་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ་གྲོང་ཁྱེར། ཡུན་ནན་ཞིང་ཆེན་གྱི་ཁུན་མིན་གྲོང་ཁྱེར་བཅས་སུ་ས་གནས་ས་ཐོག་གི་ལྟེ་གནས་ལྔ་བཙུགས་པ་དང་། གྲོང་ཁྱེར་གཞན་དག་140རུ་ཡན་ལག་ཚོགས་རྭ་བཙུགས་ཡོད།
【1】  【2】
༄༅།།རྒྱལ་ཡོངས་ཀྱི་གྲོང་ཁྱེར་146ཏུ་གཅིག་སྡུད་གཅིག་གྱུར་ངང་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་དངོས་པོ་མེད་པར་བཟོས་པ།