འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།པེར་ལིན་རྒྱལ་སྤྱིའི་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་འགྲེམས་སྟོན་ཐོག“ཀྲུང་གོའི་འགྲེམས་ཁང་ཉིན་མོའི”བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་2018ལོའི་པེར་ལིན་རྒྱལ་སྤྱིའི་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་འགྲེམས་སྟོན་འགོ་ཚུགས་པ་དང་། ཉིན་དེར“ཀྲུང་གོའི་འགྲེམས་ཁང་ཉིན་མོའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། ཀྲུང་གོའི་འགྲེམས་ཞུགས་ཚོང་པ་174ཡིས་ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཐད་ཀྱི་ལག་རྩལ་དང་ཐོན་རྫས་གསར་ཤོས་འགྲེམས་སྟོན་བྱས་པ་རེད།
        འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ཚོང་གཉེར་ཁྲུའི་གཞུང་ཚབ་རིམ་པའི་ཚན་ཙན་ཝང་ཝུའེ་ཏུང་གིས་ཤིས་ཚིག་གསུངས་སྐབས། ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་ཁེ་ལས་ཀྱི་ལག་རྩལ་ཆུ་ཚད་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་ཀྲུང་གོའི་ལྕགས་ལམ་འགྲིམ་འགྲུལ་གྱི་ཐོན་རྫས་མང་པོ་ཞིག་ལ་ལག་རྩལ་དང་མ་གནས་སོགས་ཐད་ལེགས་ཆ་ལྡན་ཏེ་འགྲན་རྩོད་ནུས་པ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས།
       ཉིན་དེར་ཀྲུང་གོའི་གྲོང་ཁྱེར་ལྕགས་ལམ་འགྲིམ་འགྲུལ་མཐུན་ཚོགས་ཀྱིས་ད་དུང་ཕྱི་རྒྱལ་དུ《2017ལོའི་ཀྲུང་གོའི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གྱི་ལོ་འཁོར་གྱི་བསྡོམས་རྩིས་སྙན་ཞུ》ཐེངས་དང་པོར་སྤེལ་བ་རེད།
       པེར་ལིན་རྒྱལ་སྤྱིའི་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་འགྲེམས་སྟོན་དེ་1996ལོར་བཙུགས་པ་དང་ལོ་གཉིས་རེར་སྐབས་རེ་སྤེལ་གྱི་ཡོད་པ་དེ་ནི་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་ཐད་ཀྱི་རྒྱལ་སྤྱིའི་ཆེད་ལས་འགྲེམས་ཚོགས་ཆེ་ཤོས་ཤིག་རེད།