འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་21ཉིན།

༄༅།།ཀྲུང་གོའི་ཁུན་མིང་ནས་ཝེ་ཐེ་ནམ་ཧའེ་ཧྥང་བར་གྱི་རྒྱལ་སྤྱིའི་འགྲོ་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཚོད་ལྟའི་གཉེར་སྐྱོང་བདེ་བླག་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་21ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་ཡུན་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཁུན་མིང་གྲོང་ཁྱེར་ལྷོ་ངོས་རླངས་འཁོར་འགྲུལ་སྐྱེལ་བབས་ཚུགས་སུ་ཀྲུང་གོའི་ཁུན་མིང་ནས་ཝེ་ཐེ་ནམ་ཧའེ་ཧྥང་བར་གྱི་རྒྱལ་སྤྱིའི་འགྲོ་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཚོད་ལྟའི་གཉེར་སྐྱོང་གི་རླངས་འཁོར་བསུ་བའི་མཛད་སྒོ་གཉེར་བ་དེ་ཐོག་ནས་ཡུན་ནན་ཁུན་མིང་ནས་ཝེ་ཐེ་ནམ་ཧའེ་ཧྥང་བར་དུས་དེ་ནས་བཟུང་རླངས་འཁོར་ཤར་གཏོང་ཐུབ་པའི་དུས་རབས་ལ་སླེབས་པ་མཚོན་གྱི་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཚོད་ལྟའི་གཉེར་སྐྱོང་གི་རླངས་འཁོར་རུ་ཁག་ནི་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་འགྲུལ་སྐྱེལ་རླངས་འཁོར་2དང་གཞུང་ལས་རླངས་འཁོར་3ལས་གྲུབ་ཅིང་། རླངས་འཁོར་རུ་ཁག་དེ་ཚེས་17ཉིན་ཝེ་ཐེ་ནམ་ཧའེ་ཧྥང་ནས་ཐོན་པ་དང་ཀྲུང་གོའི་ཧོ་ཁོའུ་འགག་སྒོ་བརྒྱུད་མངའ་ཁོངས་ནང་ཡོང་བ་དང་ཁུན་ཧོ་མྱུར་བགྲོད་གཞུང་ལམ་བརྒྱུད་ཚེས་18ཉིན་གྱི་ཕྱི་དྲོ་ཁུན་མིང་དུ་འབྱོར་བ་དང་ལམ་ཚད་ཧྲིལ་པོར་སྤྱི་ལེ་780ཙམ་ཡོད་པ་རེད།