འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།བོད་ལྗོངས་གཞིས་རྩེའི་ཞོག་ཁོག་ལ་ཐོན་འབབ་ཡག་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།བོད་ལྗོངས་གཞིས་རྩེའི་ཞོག་ཁོག་ལ་ཐོན་འབབ་ཡག་པོ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གི་མུའུ་6000ལྷག་ཙམ་ཟིན་པའི་ཞོག་ཁོག་ལ་ཐོན་འབབ་ཡག་པོ་བྱུང་ཡོད། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་རྒྱབ་སྐྱོར་འོག་གདོང་དཀར་ཤང་གིས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཤང་ཡོངས་ཀྱི་དུད་ཚང་280ཡི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་1048མཉམ་ལས་ཁང་དུ་བཅུག་པ་དང“གདོང་དཀར་ཞོག་ཁོག”གི་ཚོང་རྟགས་ཐོ་འགོད་བྱས་ཏེ་སྐྱེ་ལྡན་ཞོག་ཁོག་འདེབས་འཛུགས་ཁྱབ་གདལ་བཏང་ནས་མང་ཚོགས་གནད་སྨིན་དབུལ་སྒྲོལ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། གོང་གི་པར་རིས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་བྱེ་མ་མདངས་ཆེན་དེང་རབས་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་ཞོག་ཁོག་དབོར་བཞིན་པ་རེད།