འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།མཚོ་སྔོན་དུ“གཅིག་འཐུས་རྣམ་པའི”སྨན་རིན་རྩིས་རྒྱག་མངོན་འགྱུར་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ལྕིའི་འགན་བཅོལ། དམངས་སྲིད་སྨན་བཅོས་རོགས་སྐྱོབ་བཅས་ཀྱི“གཅིག་འཐུས་རྣམ་པའི”སྨན་རིན་རྩིས་རྒྱག་སྟེགས་བུ་བདེ་བླག་ངང་སྤྱོད་འགོ་ཚུགས་ཤིང་། མིག་སྔའི་བར། “གཅིག་འཐུས་རྣམ་པའི”སྨན་རིན་རྩིས་རྒྱག་ལས་སྒོ་1740བསྒྲུབས་པར་ཁྱོན་སྒོར་ཁྲི་867.38ཟིན་ཡོད། “གཅིག་འཐུས་རྣམ་པའི”སྨན་རིན་རྩིས་བརྒྱབ་པ་བརྒྱུད། རིམ་རྩིས་བྱས་ན་འགན་བཅོལ་ནང་ཞུགས་མཁན་མང་ཚོཌ་ལ་ཐད་ཀར་སྨན་རིན་སྒོར་ཁྲི་758.43རྩིས་ཞུ་བྱས་པས་ལས་སྒོ་གཉེར་བར་ཡོང་མཁན་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “གཅིག་འཐུས་རྣམ་པའི”སྨན་རིན་རྩིས་ཞུའི་ལས་སྟེགས་ཀྱིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱ་ཡུལ་ཞིབ་བསྡུར་དང་གསར་སྒྱུར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། དམངས་སྲིད་དང་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་ཐེབས་པ། འགན་བཅོལ་ནང་ཞུགས་མཁན་དབུལ་པོས་སྨན་རིན་སྔོན་ལ་སྤྲོད་པའི་གནོན་ཤུགས་ཆུང་དུ་ཕྱིན་པ། དབུལ་པོ་འགན་བཅོལ་ནང་ཞུགས་ནས་སྨན་བཅོས་འཛད་སྤྱོད་ཀྱི་ཁུར་པོ་ཡང་དུ་སོང་བ། འགྲོ་ལུགས་སྟབས་བདེ་རུ་ཕྱིན་པ། མི་སེར་ལ་སྟབས་བདེ་བཅས་བྱུང་ནས“གྲངས་གཞི་ཕན་ཚུན་འབྲེལ་མཐུད་བྱེད་མང་ཡང་མི་སེར་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་མེད་པའི”དམངས་ཕན་ཞབས་ཞུའི་ལས་ཀའི་བླང་བྱ་དང་མཐུན་ཡོད་པ་རེད།