འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་གྱི་དང་བླངས་ཞབས་ཞུ་ཚོགས་པ་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཚེས་18ཉིན་གྱི་སྔ་དྲོར། པེ་ཅིང་ལུ་ཀུ་ཟམ་པའི་ངོགས་ཀྱི་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་རི་འགོག་དམག་འཁྲུག་ཁང་དང་པེ་ཅིང་གྲོང་ཁྱེར་ལུ་ཀུ་ཟམ་པའི་སློབ་གསོ་ཚོགས་པའི་ཁོངས་གཏོགས་སློབ་གྲྭ་19ཡིས་མཉམ་དུ་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་གྱི་དང་བླངས་ཞབས་ཞུ་ཚོགས་པ་བཙུགས་ཏེ་ཕུལ་བྱུང་གི་རོལ་དབྱངས་པ་དང་། རིག་གནས་ལོ་རྒྱུས་དགེ་རྒན། སློབ་མའི་གསལ་འགྲེལ་བ་བཅས་ཀྱིས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་གསལ་འགྲེལ་པ་དང་མཉམ་ལས་བྱས་ཏེ་སློབ་གསེང་སྐབས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་རི་འགོག་དམག་འཁྲུག་གི་ལོ་རྒྱུས་སྒྲོག་འགྲེལ་དང་། རི་འགོག་དམག་འཁྲུག་གི་གླུ་གཞས་སྦྱོང་བ། གསལ་འགྲེལ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རི་འགོག་དམག་འཁྲུག་གི་ལོ་རྒྱུས་སློབ་སྦྱོང་དང་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་བྱས་པ་རེད།
          “ལོ་རྒྱུས་བརྟན་པོར་ངེས། ཞི་བདེར་གཅེས་སྤྲས་བྱེད། རྒྱལ་ཁབ་ཀྱི་མཚན་ཤས་མ་བརྗེད་པར་བྱེད། ཀྲུང་ཧྭའི་ཕུགས་འདུན་སྒྲུབ”ཅེས་པའི་བློ་རྩ་བརྟན་ལ་སྐད་ཤུགས་ཆེ་བའི་གླུ་སྒྲ་རི་འགོག་དམག་འཁྲུག་གི་འགྲེམས་ཁང་དུ་ལྷང་ལྷང་གྲགས། བྱེད་སྒོ་སྤེལ་ཡུལ་དུ་རི་འགོག་དམག་འཁྲུག་གི་དང་བླངས་ཞབས་ཞུ་ཚོགས་པའི་དགེ་རྒན་དང་། སློབ་ཕྲུག་ཚོ། རི་འགོག་དམག་འཁྲུག་གི་གསལ་འགྲེལ་བ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་བཙུགས་ཏེ་བྱེད་སྒོར་ཞུགས་མཁན་སློབ་མ་500ལྷག་ཙམ་ལ་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་རེད།