འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།ཞུང་ཨན་ཁུལ་གསར་གྱིས་ཐོན་ལས་ཀྱི་ཆོག་འཐུས་གསལ་ཐོ་ལག་བསྟར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཁེ་ལས་ཀྱི་མིང་ལ་ཞིབ་བཤེར་ཆོག་མཆན་འགོད་རིང“ཞུང་ཨན”ཞེས་པའི་ཡིག་འབྲུ་གཉིས་པོར་དམིགས་བསལ་སྲུང་སྐྱོབ་ཐོབ་པ་ཕུད། ཞུང་ཨན་ཁུལ་གསར་དུ་ཁེ་ལས་གཉེར་སྐབས་ཐོ་འགོད་དུས་ཚོད(ཁེ་ལས་ཀྱི་མིང་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་ཚུད་པ)ཉིན་ལྔ་ཡང་འགོར་གྱི་མེད། རེ་འདུན་ཞུ་མཁན་གྱིས་ཁུལ་གསར་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་ཁེ་ལས་ཀྱི་མིང་ལ་ཞིབ་བཤེར་ཆོག་མཆན་འགོད་སྐབས་ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད། མིག་སྔར་ཁུལ་གསར་གྱིས་ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད།
          ཁུལ་གསར་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་པའི་རྣམ་གྲངས་མང་དུ་བཏང་ནས་ཁྲིམས་མིའི་ཚན་པ་དང་། ཐོན་ལས་བྱེད་སྒོའི་ཚན་པ། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་གསར་འཛུགས་སམ་ཡང་ན་གནས་སྤོས་བྱས་ནས་ཚང་མར་ཆོག་འཐུས་གསལ་ཐོ་ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཁུལ་གསར་གྱི་ཐོན་ལས་ཀྱི་ངེས་གནས་དང་འཚམ་པ་དང་པེ་ཅིང་གི་རྒྱལ་ས་མིན་པའི་ནུས་པ་ཞི་ལྷོད་དུ་གཏོང་བའི་བླང་བྱ་དང་འཚམ་པར་བྱས་ནས་མཐོ་གསར་ཐོན་ལས་རྩེ་གྲ་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་དང་ཁུལ་གསར་གྱི་ཐོན་ལས་དོ་དམ་ཚོད་འཛིན་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱ་རྒྱུ་རེད། ཞུང་ཨན་ཡང་ཁུལ་གསར་གྱི་འཆར་འགོད་རྩ་གནད་དང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས་ཆོག་འཐུས་གསལ་ཐོ་གསར་བརྗེ་བྱ་རྒྱུ་རེད།