འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།ཧའར་པིན་གྱིས“7·30”ཡི་ཧ་ཅང་ཚབས་ཆེ་བའི་རིམ་སྤེལ་གློག་འཕྲིན་ཁ་བསླུས་གྱོད་གཞི་རྩད་ཆོད་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཧའར་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་གསལ། ཧའར་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རིམ་སྤེལ་གློག་འཕྲིན་ཁ་བསླུས་གྱོད་གཞི་ཧ་ཅང་ཚབས་ཆེན་ཞིག་རྩད་ཆོད་པ་སྟེ། སྐད་འཕྲིན་དུ་ཧྭ་ཝུའེ་ལག་གདུབ(དོན་དངོས་ཐོག་འདྲ་བཟོ་བྱས་པ་ཡིན་པ)སྟེར་གྱི་ཡོད་པའི་ཆ་འཕྲིན་འབོར་ཆེན་སྤེལ་ནས་ཁ་བསླུས་རྒྱག་གི་ཡོད། ཁ་བསླུས་བརྒྱབ་པའི་དངུལ་འབོར་བསྡོམས་སྒོར་ཁྲི་8000ལྷག་ཙམ་ཟིན་པ་དང་། མང་ཚོགས་ཁྲི་200ལྷག་ཙམ་ལ་མགོ་སྐོར་ཐེབས་པ། རྒྱལ་ཡོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཡོད། གྱོད་འབྲེལ་མི་སྣ་658ཟིན་པ་དང་། བཙན་ཤེད་ཀྱི་བྱ་ཐབས་སྤྱད་པའི་མི་592ཡོད་པའི་ཁྲོད་མི་278ཉེས་དོན་བཀག་ཉར་བྱས་པ་དང་། མི་314ཁག་ཁྱེར་བཀའ་སྒུག་བྱས་པ། ནག་ཚང་4མེད་པར་བཟོས་པ། གྱོད་འབྲེལ་ལག་ཐོགས་ཁ་པར་2000ལྷག་ཙམ་དང་གྱོད་འབྲེལ་རླངས་འཁོར་10གཞུང་བཞེས་བཏང་བ་རེད།
        ཟླ་7ཚེས་30ཉིན་ཧའར་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ལ་ཞིང་ཆེན་སྤྱི་བདེ་ཐིང་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་བརྡ་ཁྱབ་འབྱོར་བའི་ནང་། མི་ལ་ལས་སྐད་འཕྲིན་དུ་ཧྭ་ཝུའེ་ལག་གདུབ(དོན་དངོས་ཐོག་འདྲ་བཟོ་བྱས་པ་ཡིན་པ)སྟེར་གྱི་ཡོད་པའི་ཆ་འཕྲིན་འབོར་ཆེན་སྤེལ་བ་དེར་ཁ་བསླུས་ཉེས་གསོག་གི་དོགས་པ་འདུག་ཅེས་བརྗོད་ཡོད། ཐོག་མའི་བརྟག་ཞིབ་བྱས་པ་བརྒྱུད། དེ་ནི་གློག་འཕྲིན་ཁ་བསླུས་ཚོགས་པ་ཞིག་ཡིན་པ་དང་། མ་གཞི་གྱོད་གཞི་རེ་རེའི་ཁ་བསླུས་དངུལ་འབོར་སྒོར་29ལས་ཟིན་གྱི་མེད་ནའང་མི་མང་པོ་ཞིག་ལ་མགོ་སྐོར་ཐེབས་ཡོད་པ་ཤེས། ཧའར་པིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཤང་ཧྥང་སྤྱི་བདེ་ཡན་ལག་ཅུས་གཙོ་བོར་བྱས་ནས་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ཏེ་འཕྲལ་དུ་མྱུལ་ཞིབ་རྩད་གཅོད་ལས་དོན་སྤེལ་བ་རེད།