འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་ཚོགས་པས་པེ་ཅིང་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་རྟོག་ཞིབ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་པེ་ཅིང་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཐུན་སྦྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་ཧྲོའུ་ཀང་གཞུང་དོན་ཁང་དུ་འཚོགས་པ་དང་། དེ་རྗེས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་ཚོགས་པས་ཧྲོའུ་ཀང་འཁྱག་ཤུད་མཆོང་སྟེགས་དང་། རྒྱལ་ཁབ་མགྱོགས་སྟབས་འཁྱག་ཤུད་ཁང་། རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས། རྒྱལ་ཁབ་ལུས་རྩལ་ཁང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲོང་ཚོ་སོགས་ལ་རྟོག་ཞིབ་བྱས་པ་མ་ཟད་ད་དུང་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་སུ་ཀྲུང་གོའི་ལུས་རྩལ་པ་དང་སྤེལ་རེས་ཀྱང་བྱས་ཡོད།