འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་20ཉིན།

༄༅།།ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཡོ་རོབ་ཏུ་རིག་གནས་ཤུལ་བཞག་ཉིན་མོའི་སྒོ་འབྱེད་བྱེད་སྒོ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་20ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་16ཉིན་ཤུལ་བཞག་ཉིན་མོའི་སྒོ་འབྱེད་བྱེད་སྒོ་སྤེལ་བ་དང་། ཀྲུང་གོའི་གཞུང་ཚབ་ཁང་གསར་པ་ནི་ཧྥ་རན་སེའི་ལོ་རྒྱུས་རིག་གནས་ཤུལ་བཞག་མོང་ཏེ་སི་ཅིའུ་གཟིམ་ཤག་དང་། སྲིད་འཛིན་ཐོག་ཁང་། མེ་ཏོག་ལྡུམ་ར། སྒོ་ར་བཅས་ལས་གྲུབ་པ་ཡིན་ལ། མོང་ཏེ་སི་ཅིའུ་གཟིམ་ཤག་ནི་སྤྱི་ལོ་1778ལོར་བསྐྲུན་ཅིང་། 1945ལོར་ཧྥ་རན་སེའི་ལོ་རྒྱུས་རིག་གནས་སྲུང་སྐྱོང་བཟོ་བཀོད་དུ་གཏན་འཁེལ་བྱས་པ་རེད། ཀྲུང་གོ་སྲིད་གཞུང་གིས་2010ལོའི་ཟླ་བཅུ་གཉིས་པར་གཟིམ་ཤག་དེའི་བདག་དབང་ཉོས་པ་དང་། 2014ལོར་དངོས་སུ་སྒྱུར་བཀོད་བྱེད་འགོ་ཚུགས། 2017ལོའི་ཟླ་བཞི་པར་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དངོས་སུ་དེར་སྤོས་པ་རེད།