འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།བོད་སྐྱོར་ལས་བྱེད་པའི་ཡིག་རིས་མཐུན་ཚོགས་ཀྱིས་ཡིག་གཟུགས་འབྲི་རྩལ་ཁེ་ལས་སུ་བསྐྱོད་པའི་བྱེད་
སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་སྐྱོར་ལས་བྱེད་པའི་ཡིག་རིས་མཐུན་ཚོགས་ཀྱིས་ཡིག་གཟུགས་འབྲི་རྩལ་ཁེ་ལས་སུ་བསྐྱོད་པའི་བྱེད་
སྒོ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་ཡིག་གཟུགས་འབྲི་རྩལ་ཁེ་ལས་སུ་བསྐྱོད་པའི་སྤེལ་རེས་བྱེད་སྒོ་ལྷ་སར་བདེ་བླག་དང་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་ཀོ་ཆང་སྤེལ་རེས་ཚོགས་འདུར་ཞུགས་པ་རེད།
    ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཡིག་རིགས་མཐུན་ཚོགས་བཙུགས་པ་ནས་བཟུང་། ཡིག་གཟུགས་སྒྱུ་རྩལ་གྱིས་མི་རིགས་རིག་གནས་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་བས། སྔ་རྗེས་སུ་བོད་སྐྱོར་ལས་དོན་གྱི་ཡིག་རིས་སློབ་གྲྭ་དང་། གྲོང་ཚོ་སོགས་སུ་བསྐྱོད་ནས་ཕུན་སུམ་ཚོགས་པའི་གསར་གཏོད་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
    མཉམ་འབྲེལ་བྱེད་སྒོའི་ཁྲོད། བོད་སྐྱོར་ལས་བྱེད་པའི་ཡིག་རིས་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུན་ཞང་ཅུན་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥུན་ཀྲི་ཏོན། ཧོང་གོ་ཧུའེ་སོགས་ཡིག་གཟུགས་མཁས་པས། ཁག་སོ་སོར་བོད་རྒྱ་ཡིག་གཟུགས་ཀྱི་བརྩམས་ཆོས་བྲིས་ནས་ཁེ་ལས་ལ་ཕུལ་བ་རེད། ཐེངས་འདིའི་ཡིག་གཟུགས་འབྲི་རྩལ་ཁེ་ལས་སུ་བསྐྱོད་པའི་བྱེད་སྒོས་བོད་སྐྱོར་ལས་བྱེད་པའི་ཡིག་རིས་མཐུན་ཚོགས་དང་ཁེ་ལས་དབར་སྤེལ་རེས་ཀྱི་སྟེགས་བུ་ཡག་པོ་ཞིག་བསྐྲུན་པ་མ་ཟད། ད་དུང་བོད་སྐྱོར་ལས་བྱེད་པའི་སྒྱུར་རྩལ་ཡོན་ཚད་ཐད་ཀྱི་གཟུགས་བརྙན་བཟང་པོ་བཙུགས་ཡོད་པ་རེད།