འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་བཞིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4400ལྷག་ལ་གནས་ཤིང་། ད་ལྟ་གནས་དེར་ཁྱིམ་ཚང་197དང་མི་773ཡོད་པ་དང་། དེའི་ཁྲོད་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་29དང་མི་108ཡོད། དེ་ནི་མངའ་རིས་ས་ཁུལ་དུ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་པའི་ལས་གཞི་ལག་བསྟར་བྱས་པའི་དཔེ་མཚོན་གྲོང་ཚོ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་སྒང་གྲོང་ཚོའི་ཚོགས་ཆུང་འདི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་དེ། དུད་ཁྱིམ་སོ་སོའི་མི་གྲངས་ལྟར་སྨི་གྲུ་བཞི་མ་100ནས་140བར་གྱི་ཐོག་བརྩེགས་གཉིས་ཅན་གྱི་ཁང་པ་སྤྲད་ཡོད་ཅིང་། དེར་ཆུ་དང་གློག  དྲ་བཅས་ཚང་མ་ཡོད་པ་རེད། ཚོགས་ཆུང་གཉིས་པ་དང་གསུམ་པ་ནི་མིག་སྔར་ད་དུང་སྐྲུན་བཞིན་པའི་སྒང་རེད། 
༄༅།།མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་བཞིན་པ།