འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།གངས་རིའི་འདབས་ཀྱི་ཀྲུང་བལ་རས་གུར་མཐའ་མཚམས་ཁྲོམ་ར། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གངས་རིའི་འདབས་ཀྱི་ཀྲུང་བལ་རས་གུར་མཐའ་མཚམས་ཁྲོམ་ར།
     མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་ཡག་རྭ་ཤང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡོད་པ་དང་། མིག་གི་མཐོང་ཚད་རྩྭ་ཐང་ཡིན་ཞིང་། མགོ་བོ་བཏེགས་ན་གངས་རི་མཐོང་ཐུབ། ཀྲུང་གོ་དང་བལ་ཡུལ་གྱི་མཐའ་མཚམས་བར་སྤྱི་ལེ་བཞི་ལྔ་ཙམ་ལས་མེད་པའི་རྩྭ་ཐང་དུ། ཡག་རྭ་ཤང་གི་རས་གུར་ཁྲོམ་ར་འཁྲུག་ཆ་དོད་པོ་ཡོད། མཐའ་མཚམས་ཀྱི་ཁྲོམ་རར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མཐའ་མཚམས་ཀྱི་ངོགས་གཉིས་སུ་ཆགས་པའི་ཀྲུང་གོ་དང་བལ་ཡུལ་གྱི་སྡོད་དམངས་ཀྱིས་ལོ་རེའི་ཟླ་6དང་ཟླ་9པར་དུས་བཅད་ནང་གནས་འདིར་ཉིན་བཅུ་ཡས་མས་ཀྱི་ཚོང་ར་ཐེངས་གཉིས་བཤམ་བཞིན་ཡོད། དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས། རས་གུར་མཐའ་མཚམས་ཁྲོམ་རའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། མི་གྲངས་ཞུགས་ཚད་ཀྱང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཚོང་རྫས་ཀྱང་སྣ་ཁ་ཕུན་སུམ་ཚོགས་པོར་འགྲོ་བཞིན་ཡོད། མཐའ་མཚམས་ཀྱི་ཉོ་ཚོང་ཚད་ལྡན་དུ་གཏོང་ཆེད། མ་དངུལ་སྒོར་དུང་ཕྱུར་7བཞག་པའི་རྒྱལ་ཁབ་ཚོང་འགྲུལ་འགག་སྒོ་རིགས་གཉིས་པ་སྟེ་ལེགས་རྩེ་འགག་སྒོ་འདི་ད་ལོར་ཡག་རྭ་ཤང་དུ་བསྐྲུན་ཐུབ་རྒྱུ་རེད། སྐབས་དེར། རས་གུར་མཐའ་མཚམས་ཁྲོམ་རའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་ཡིན་པ་དང་། ལེགས་རྩེ་འགག་སྒོ་འདིའང་བོད་རང་སྐྱོང་ལྗོངས་ནས་བལ་ཡུལ་བར་གྱི་གཞུང་ལམ་6ནང་གི་གཅིག་ལ་འགྱུར་རྒྱུ་རེད། མིག་སྔར། འབྲོང་པ་རྫོང་དུ་ལེགས་རྩེ་ཁྲོམ་ར་ཚུད་པའི་དམངས་ཁྲོད་ཀྱི་ཁྲོམ་ར་5ཡོད་པ་དང་། ན་ནིང་ཉིན་66ལ་ཚོང་གཉེར་བྱས་པར་ཚོང་རྫས་ཉོ་ཚོང་བྱས་པའི་དངུལ་གྲངས་སྒོར་དུང་ཕྱུར་2ལས་བརྒལ་ཡོད། 
༄༅།།གངས་རིའི་འདབས་ཀྱི་ཀྲུང་བལ་རས་གུར་མཐའ་མཚམས་ཁྲོམ་ར།