འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།2018ལོའི"གཡང་མདའ"རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་དང་མདའ་སྟོན་རིག་
གནས་དུས་ཆེན་སྐབས་ལྔ་བ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2018ལོའི'གཡང་མདའ'རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་དང་མདའ་སྟོན་རིག་
གནས་དུས་ཆེན་སྐབས་ལྔ་བ་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན། 2018ལོའི"གཡང་མདའ"རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩེད་གདན་ཞུས་འགྲན་བསྡུར་དང་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་བ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་སྤེལ་བ་རེད། རྒྱལ་ཁབ་དང་ས་ཁུལ་མང་པོའི་མདའ་རྩེད་པ་2254མཐོ་སྒང་དུ་ལྷན་འཛོམས་བྱུང་ཡོད། 
     "གཡང་མདའ"ནི་གཅན་ཚ་ས་ཁུལ་གྱི་གནའ་བོའི་མདའ་རྩེད་རིག་གནས་ལས་བྱུང་བ་དང་། དམངས་ཁྲོད་དུ་རྒྱ་ཆེ་ཞིང་གཏིང་ཟབ་པའི་མང་ཚོགས་ཀྱི་རྨང་གཞི་ཡོད་ལ། བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་དུ་མ་བརྒྱུད་རྗེས་འདི་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། རོལ་རྩེད་རང་བཞིན་གྱིས་ཕྱུག་པའི་དམངས་ཁྲོད་ཀྱི་རྩལ་འགྲན་ལུས་རྩལ་ཞིག་དང་སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། གཅན་ཚའི"གཡང་མདའ"ནི་ཁ་དོག་དམར་པོ་དང་སེར་པོ། ནག་པོ། སྔོན་པོ། ལྗང་གུ་བཅས་ལྔ་ལས་གྲུབ་པ་དང་། དེས"འདྲ་མཉམ་དང་མཐུན་སྒྲིལ། གཉིས་ཕན། འཆམ་མཐུན།"གྱི་ནང་དོན་མཚོན་ཡོད། 2006ལོ་ནས་བཟུང་། གཅན་ཚ་རྫོང་གིས་སྔ་རྗེས་སུ་རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་སྐབས་བཞི་སྤེལ་མྱོང་ཡོད། མིག་སྔར། "གཡང་མདའ"འགྲན་བསྡུར་ནི་ཀྲུང་གོའི་རྒྱལ་སྤྱིའི་སྲོལ་རྒྱུན་མདའ་རྩེད་འགྲན་བསྡུར་ཆེན་པོ་གསུམ་གྱི་ནང་དུ་ཚུད་ཡོད་ལ། འགྲན་བསྡུར་གྱི་གཞི་རྒྱ་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལས་སྒྲུབ་ཀྱི་ཆུ་ཚད་བརྟན་ཐོག་ཡར་འཕེལ་བྱུང་བཞིན་ཡོད་པས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རིམ་བཞིན་མཚན་སྙན་འབར་ཞིང་ཤུགས་རྐྱེན་ཆགས་ཀྱིན་ཡོད། 
【1】  【2】
༄༅།།2018ལོའི'གཡང་མདའ'རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་དང་མདའ་སྟོན་རིག་
གནས་དུས་ཆེན་སྐབས་ལྔ་བ་འགོ་ཚུགས་པ།