འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།རྩྭ་ཐང་སྟེང་གི་འཕྲུལ་མིག་གིས་དགུང་སྔོན་ལ་བརྟག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། ནང་སོག་རང་སྐྱོང་ལྗོངས་ཤིས་ལིན་ཀོ་ལེ་མོང་ཀྲེང་ཤང་པའེ་ཆི་མིང་ཨན་ཐུའུ་གྲོང་རྡལ་ཉེ་འགྲམ་གྱི་རྩྭ་ཐང་སྟེང་དུ་རྒྱལ་ཁབ་ཀྱི་གནམ་དཔྱད་ས་ཚིགས་མིང་ཨན་ཐུའུ་ལྟ་ཞིབ་ཚད་ལེན་རྟེན་གཞི་གནས་ཡོད་ཅིང་། རྟེན་གཞིའི་ཁུལ་གྱི་འཕྲོ་གློག་གི་ནུས་པའི་དཔྱད་ཆས་ནི་གནམ་སྐུད་སྒོར་སྒོར་དཀར་པོ་100ལས་གྲུབ་ཡོད། གནམ་སྐུད་ཀྱི་ལྟེ་བ་ཉི་མར་གཏད་དེ་ཉི་མའི་འཕྲོ་འོད་ཀྱི་ལྡོག་འཕྲོ་བླངས་རྗེས་སྒྲིག་ཆས་བརྒྱུད་དབྱེ་ཞིབ་གསལ་འགྲེལ་བྱས་ཏེ་ཐད་མཐོང་བརྙན་པར་མངོན་གྱི་ཡོད།