འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་19ཉིན།

༄༅།།གཞན་ཡུལ་དུ་ཡོད་ཀྱང་དར་ཆ་ནམ་ཡང་མ་བརྗེད་པ། 

—— ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་གི་སྨན་ བཅོས་ཡན་ལག་རུ་ཁག་གིས་དམིགས་བསལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ།  

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་19ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་དམག་གི་སྨན་བཅོས་ཡན་ལག་རུ་ཁག་17པའི་དམག་སྒར་དུ་དར་ཆ་དང་འབྲེལ་བའི་དམིགས་བསལ་སློབ་གསོའི་བྱེད་སྒོ་ཞིག་སྤེལ་འགོ་ཚུགས་པ་རེད།
          ཡན་ལག་རུ་ཁག་གི་རུ་མི་ཡིན་པའི་དར་ཆ་སྲུང་མཁན་གྱིས་གོམ་སྟབས་འགྲིག་པོས་ཀྲུང་གོའི་རྒྱལ་དར་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དར། སྨན་བཅོས་ཡན་ལག་རུ་ཁག་གི་རུ་དར་བཅས་དར་ཆ་5དལ་གྱིས་བསྟན་ཡོད།
        ཐོག་མའི་བསམ་འདུན་མ་བརྗེད་པར་དར་ཆ་མཐོན་པོར་བསྒྲེང་རྒྱུ་ནི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་གིས་དཀའ་ངལ་ལ་ཕྱོགས་པའི་གདམ་ག་ཞིག་ཡིན།
         སློབ་གསོའི་བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ཚོས་དམག་ཆས་གྲལ་འགྲིག་པ་དང་དཔའ་ངར་ཆེན་པོས་ཀྲོང་ངེར་ལངས། དར་ཆའི་ཤེས་བྱ་འཆད་འགྲེལ་པས་གསོན་ཉམས་དོད་པོས་དར་ཆ་ཚང་མའི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་བརྗོད་ནས་བླ་ན་མེད་པའི་དམ་བཅའི་ཚིག་བསྐྱར་དུ་བཞག་པ་རེད།
       “རྒྱལ་ཁབ་གཞན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་བསྐྱོད་ཚེ། ང་ཚོའི་གཏམ་སྤྱོད་ཚང་མས་རྒྱལ་ཁབ་ཀྱི་གཟུགས་བརྙན་མཚོན་གྱི་ཡོད། དཀའ་ངལ་དང་འགྲན་སློང་ཆེན་པོ་ག་ཚོད་འཕྲད་ནའང་ང་ཚོས་དཔའ་ངར་ཆེན་པོས་ཁ་གཏད་གཅོག་པ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་དགོས”ཞེས་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་གི་སྨན་བཅོས་ཡན་ལག་རུ་ཁག་གི་ཁོག་ནད་ཚན་ཁག་དང་བུད་མེད་ཚན་ཁག་གི་གཙོ་བཅོས་སྨན་པ་དཀའ་བཅུ་བ་གཅིག་ལྕོགས་ཀྲང་ཡོན་ཡོན་གྱིས་བཤད།
        འདི་ལོའི་ཟླ་ལྔ་པའི་ཟླ་མཇུག་ཏུ་ལས་འགན་ཁུལ་དུ་བཀོད་སྒྲིག་བྱས་པ་ནས་ད་བར། ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་གིས་མི་ཐེངས་1810ལ་སྒོ་བསྟེན་སྨན་བཅོས་དང་། མི་ཐེངས་435ལ་སོ་ནད་ཚན་ཁག་གི་ནད་བརྟག་སྨན་བཅོས། མི་ཐེངས་15ལ་གཤགས་བཅོས་བཅས་བྱས་ཡོད། དེའི་རིང་ཁོང་ཚོས་ལས་འགན་ཁུལ་དུ་ནང་སྦྱོང་བྱེད་སྐབས་རྨས་སྐྱོན་ཕོག་བདེ་བའི་ཁྱད་ཆོས་གཞིར་བཟུང་། དྲག་སྐྱེད་དངོས་སྤྱད་གསོ་ཐབས་ཚན་ཁག་ཐོག་མར་བཙུགས་ནས་གསེར་ཁབ་དང་འཕུར་མཉེད་སོགས་ཀྱིས་རྒྱལ་ཁབ་མང་པོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་སྨན་བཅོས་བྱས་ཡོད། དེ་དང་ཆབས་ཅིག་ཁོང་ཚོས་ད་དུང་བཅའ་སྡོད་ཁུལ་གྱི་མཐའ་འཁོར་གྲོང་ཚོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱས་ཏེ་སྨན་སྤྲོད་པ་དང་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད།
         ཟླ་བ་གསུམ་ལྷག་ཙམ་རིང་སྨན་བཅོས་ཡན་ལག་རུ་ཁག་གི་དཔོན་དམག་ཚོའི་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་རྒྱལ་ཁབ་ཁག་གི་ཞི་བདེ་སྲུང་སྐྱོང་དཔོན་དམག་དང་དེ་བཞིན་དམངས་ཚོགས་ཀྱི་ཚད་མཐོའི་གདེང་འཇོག་དང་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ལེ་པ་ནོན་དཔུང་སྡེའི་ཤར་ཁུལ་གྱི་སི་ལིང་ཧོ་སའེ·ལུའུ་དབྱི་སི·སང་ཆེ་སི·མ་ཏིང་ནེ་སིས་སྨན་བཅོས་ཡན་ལག་རུ་ཁག་ལ་ཆེད་མངགས་ཐུགས་རྗེའི་ཡི་གེ་ཕུལ་བ་རེད།
         དར་ཆའི་ཤེས་བྱའི་སློབ་གསོའི་བྱེད་སྒོ་མཇུག་འགྲིལ་གྲབས་ཡོད་པའི་སྐབས་སུ། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་གིས་སྐད་གསང་མཐོན་པོས་རྒྱལ་གླུ་ལེན་པ་དང་། དར་ཆར་གུས་འདུད་ཞུ་བ། མིང་རྟགས་བཀོད་ནས་དམ་བཅའ་འཇོག་པ་བཅས་བྱས་པ་རེད།
        “ང་ཚོ་ཞི་བདེའི་ཆེད་དུ་ཡོང་བ་ཡིན། ཞི་བདེ་སྲུང་སྐྱོང་བྱ་ཆེད་དེར་གནས་ཡོད”ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དར་སྒྲེང་མཁན་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དམག་གི་སྨན་བཅོས་ཡན་ལག་རུ་ཁག་དོས་དྲག་ཚན་ཁག་གི་སྨན་པ་དཀའ་བཅུ་པ་ཡུས་ཆིང་ཧྭ་ཡིས་བརྗོད།  ལུའོ་མའོ་ཧྭ་དང་། མོང་ཀྲོའུ་ལིན། ལིའུ་ཝུའེ་བཅས་ཀྱིས།