འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།བོད་ལྗོངས་མངའ་རིས་ཀྱི་སློབ་ཆེན་སློབ་མ་34ལ"ཀུ་ཤུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་འཆར་
གཞིའི"སློབ་སྐྱོར་ཐོབ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་མངའ་རིས་ཀྱི་སློབ་ཆེན་སློབ་མ་34ལ'ཀུ་ཤུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་འཆར་
གཞིའི'སློབ་སྐྱོར་ཐོབ་པ།
     མི་དམངས་དྲ་བའི་འཕྲིན། པེ་ཅིང་ཀུ་ཤུ་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ། ད་ལོ་ནས་འགོ་བརྩམས་ཏེ། ཐེབས་རྩ་ཚོགས་པས"ཀུ་ཤུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་འཆར་གཞི"བཙུགས་ནས་བོད་ལྗོངས་མངའ་རིས་ས་ཁུལ་ནས"985འདུ་འགོད་དང་211འདུ་འགོད་"ཡི་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མ་གསར་པར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲོད་རྒྱུ་དང་། ད་ལོར་སློབ་ཆེན་སློབ་མ་གསར་པ་34ལ་བྱ་དགའ་འདི་ཐོབ་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི"ཀུ་ཤུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་འཆར་གཞི"ཡི་ཚད་གཞི་ནི"985འདུ་འགོད"སློབ་ཆེན་། "རྩེ་གྲ་གཉིས"ཀྱི་སློབ་ཆེན་དང"211འདུ་འགོད"སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མ་གསར་པ་སྟེ། མི་རེ་ལ་སྒོར་5000དང་། སྒོར་5000 སྒོར་3000ཡི་སློབ་སྐྱོར་བྱ་དགའ་ཁག་སོ་སོར་ཐོབ་རྒྱུ་དང་། ཐེངས་གཅིག་ལ་གོང་གི་མཐོ་སློབ་ཁག་ལ་རྒྱུགས་འཕྲོད་པའི་སློབ་མ་རྣམས་ལ་སྤྲད་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་ཀུ་ཤུ་ཐེབས་རྩ་ཚོགས་པས་བོད་ལྗོངས་སུ་སྤྱི་ཕན་ལས་དོན་ལོ་15སྤེལ་ཡོད་ཅིང་། དེའི་ཁྲོད་ཀྱི་སློབ་གསོའི་འདུ་འགོད་ནི་ཁོང་ཚོའི་རྣམ་གྲངས་ཚང་མའི་ནང་གི་གལ་ཆེ་ཤོས་དེ་རེད། མིག་སྔའི་བར་། ཐེབས་རྩ་ཚོགས་པ་འདིས་མངའ་རིས་ས་ཁུལ་དུ་སློབ་ཆུང་3དང་། སློབ་འབྲིང་1བོད་སྨན་སློབ་གྲྭ་1བཅས་འཛུགས་བསྐྲུན་ལ་རོགས་སྐྱོར་དང་ཞབས་འདེབས་ཕུལ་ཡོད།