འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལག་གདང་སྦྲེལ་ནས་རིག་གནས་བསམ་བཀོད་ཐོན་ལས་
འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན“རྒྱུན་འཛིན་གསར་གཏོད། འཕེལ་རྒྱས་གཉིས་ཕན—ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རིག་གནས་བསམ་བཀོད་ཐོན་ལས་སྤེལ་རེས་དང་མཉམ་ལས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྐབས་13པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རིག་གནས་གླེང་སྟེགས་ཀོང་ཤིས་ནན་ཉིང་དུ་འགོ་ཚུགས་པ་རེད། ཚོགས་ཞུགས་འཐུས་མི་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་རིག་གནས་བསམ་བཀོད་ཐོན་ལས་སྤེལ་རེས་དང་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ཕྱོགས་གཉིས་པོས་མཉམ་ལས་ལམ་སྲོལ་དང་ཐབས་ལམ་སྔར་བས་འཚོལ་ཞིབ་བྱས་ཏེ་ལག་གདང་སྦྲེལ་ནས་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
         ཀྲུང་གོ་རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཁོངས་མི་ཡུས་ཆུན་གྱིས་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་རིག་གནས་བསམ་བཀོད་ཐོན་ལས་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ཀྱི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཀོ་ཕིག་རོལ་རྩེད་འགྲེམས་སྟོན་སྐབས་གཉིས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། 2017ལོའི་ཟླ་4པར་ཀྲུང་གོ་རྒྱལ་སྤྱིའི་ཀོ་ཕིག་རོལ་རྩེད་དངོས་མང་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་གྲུབ་པའི་ཀྲུང་གོའི་ཀོ་ཕིག་རོལ་རྩེད་འགྲེམས་སྟོན་ཚོགས་པ་ཐེ་ལན་གྱི་ཀོ་ཕིག་འགྲེམས་སྟོན་ནང་ཐོག་མར་ཞུགས་ཡོད། ཟླ་9པའི་ཟླ་མཇུག་ཏུ་ཀྲུང་གོས་ད་དུང་འཐུས་མི་ཚོགས་པ་མངགས་གཏོང་བྱས་ཏེ་ཁམ་ཕུ་ཁྲེར་རྫ་ཆུ་དང་མེ་ཀུང་གཙང་པོ་རྒྱུག་ཁུལ་གྱི་རྒྱལ་ཁབ་ཀྱི་རིག་གནས་རིགས་ཀྱི་ཁེ་ལས་འབྲིང་ཆུང་གི་བགྲོ་གླེང་ཚོགས་འདུར་ཞུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
        ལོ་སི་གསར་འགྱུར་རིག་གནས་ཡུལ་སྐོར་པུའུ་གསར་འགྱུར་མཉམ་ལས་སིའི་སི་ཀྲང་གཞོན་པ་ཁན་ཕུ·ཕིའར་ས་ཁཱ་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་རིག་གནས་སྲུང་སྐྱོང་ཐད་ཕན་ཚུན་དཔེ་ལྟ་ས་མང་པོ་ཡོད་པ་དང་རིག་གནས་སྤེལ་རེས་ཐད་ཐོབ་པའི་གྲུབ་འབྲས་ལས་ཕན་ཚུན་གྱི་མཛའ་མཐུན་ཟབ་ཏུ་འགྲོ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
        ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཀྲང་ཧུང་གིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་གྲངས་འཛིན་གློག་བརྙན་བརྙན་འཕྲིན་ཀོ་ཕིག་ཐོན་ལས་ཁྱབ་ཁོངས་ཁྲོད་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཏུ་ཀོང་ཤིས་བརྙན་འཕྲིན་འགྲེམས་གཏོང་གཟའ་འཁོར་གཉེར་ནས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དང་མཉམ་ལས་བྱས་ཏེ་《མཚོ་ཐོག་གི་དར་གོས་ལམ་བུ་གསར་པ་》སོགས་ཀྱི་གློག་བརྙན་བརྙན་འཕྲིན་ལེ་ཚན་པར་ལེན་བྱ་རྒྱུ་ཡིན། ཉེ་བའི་ལོ་5ཡི་རིང་ཀོང་ཤིས་ཀྱིས་ཁྱོན་འཐུས་མི་ཚོགས་པ་40ལྷག་ཙམ་དང་མི་ཆིག་སྟོང་ཙམ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུ་ལ་རིག་གནས་སྤེལ་རེས་མཉམ་ལས་བྱེད་པར་མངགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལྟེ་གནས་ཀྱི་དྲུང་ཆེ་ཁྲེན་ཏེ་ཧའེ་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་རིག་གནས་བསམ་བཀོད་ཐོན་ལས་ཁྱབ་ཁོངས་ནང་སྲིད་ཇུས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཁོངས་ནང་གི་བསམ་བཀོད་ཇུས་འགོད་དང་། ཀོ་ཕིག་རོལ་རྩེད། གྲངས་འཛིན་དཔེ་སྐྲུན། གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་སོགས་ཐོན་ལས་ཀྱི་ཁག་བགོས་མཉམ་ལས་དང་ལེགས་ཆ་གསབ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཐོན་ལས་ལག་རྩལ་དང་ཞབས་ཞུ་སྤེལ་རེས་འབྲེལ་མཐུད་ཀྱི་ལས་སྟེགས་དེ་བས་མང་བ་བསྐྲུན་ཏེ་རིག་གནས་བསམ་བཀོད་ཐོན་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་སྤུས་རྟགས་རིག་གནས་བསམ་བཀོད་སྤེལ་རེས་བྱེད་སྒོ་དེ་བས་མང་བ་གཉེར་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།