འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་བརྟེན་ནས་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ། 

—— “ཀྲུང་གོ་ཤེས་ཚོར”གྱི་རིམ་སྤེལ་རིག་གནས་བྱེད་སྒོ་མོང་གོལ་རྒྱལ་ཁབ་ཏུ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་གྱི་པེ་ཅིང་ཁྲོམ་གཞུང་གི་གཡས་གཡོན་དུ“ཀྲུང་གོ་ཤེས་ཚོར”—— ཀྲུང་གོའི་ནང་སོག་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་དྲིལ་བསྒྲགས་གསལ་བརྡ་མངོན་གསལ་དོད་པོ་སྦྱར་ཡོད་པ་རེད། གསལ་བརྡའི་ཐོག་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་པར་འདེབས་བྱས་ཡོད་པ་མ་ཟད། ད་དུང་རྒྱ་ཡིག་དང་སོག་ཡིག་གཉིས་ཀའི་ཐོག་ནས“རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས”ཞེས་བྲིས་ཡོད་པ་རེད།
           དུས་ཡུན་གཟའ་འཁོར་གསུམ་ཡིན་པའི“ཀྲུང་གོ་ཤེས་ཚོར”གྱི་རིམ་སྤེལ་རིག་གནས་བྱེད་སྒོ་ཟླ་9ཚེས་5ཉིན་ནས་སྤེལ་འགོ་ཚུགས་ཤིང་། “མཛེས་སྡུག་འཚོ་བ་འཚོལ་སྙེག”ཀྲུང་གོའི་དབུལ་སྒྲོལ་གྱི་གྲུབ་འབྲས་འགྲེམས་སྟོན་དང་། “མཛེས་སྡུག་ལྡན་པའི་ཀྲུང་ཧྭ་རི་མོར་འབྲི་བའི”ཀྲུང་གོའི་སྲོལ་རྒྱུན་གྱི་འཁེལ་འཐག་དང་། ཚོས་སྒྱུར། འཚེམ་དྲུབ་བཅས་ཀྱི“མངོན་མིན་རིག་གནས་ཤུལ་བཞག”འགྲེམས་སྟོན། “གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད”ཅེས་པའི་ཀྲུང་གོའི་ནང་སོག་དང་སི་ཁྲོན་གྱི་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་སོགས་བྱས་པར་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔོན་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་300ལྷག་ཙམ་ལྟ་སྐོར་ལ་ཕེབས་ཡོད་པ་རེད།
          མོང་གོལ་རྒྱལ་ཁབ་ཏུ་ཡོད་པའི་ཕྱིར་སྡོད་རང་མིའི་མཛའ་གྲོགས་སློབ་གྲྭའི་ལོ་རིམ་བཅུ་གཉིས་པའི་སློབ་མ་ཝུའུ་རེན་དང་ཁོང་གི་ཨ་མ་མཉམ་དུ་ཀྲུང་གོའི་སྲོལ་རྒྱུན་གྱི་འཁེལ་འཐག་དང་། ཚོས་སྒྱུར། འཚེམ་དྲུབ་བཅས་ཀྱི་འགྲེམས་སྟེགས་མདུན་དུ་ཡོང་ནས། ཀྲུང་གོའི་ཧྲུའེ་རིགས་ཀྱི་འཚེམ་དྲུབ་རྒྱུན་འཛིན་པ་ཧྲི་ཡུས་ཚུའེ་ཡི་ས་གནས་ས་ཐོག་གི་འཁྲབ་སྟོན་ལ་ལྟ་བཞིན་བྱང་ཆུབ་པའི་རྒྱ་སྐད་ཐོག་ནས་དྲི་བ་ཡང་བཏོན་པ་རེད། ཝུའུ་རེན་གྱིས་ལག་རྩལ་དེར་བསྔགས་བརྗོད་ཚད་མེད་བྱས་ཤིང་། ཁོང་གིས། སློབ་འབྲིང་ནས་ཐོན་རྗེས་ཨ་མའི་མ་ཡུམ་སློབ་གྲྭ—— ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་འགྲིམས་ནས་ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭའི་ལག་རྩལ་སྔར་བས་མང་པོ་སྦྱོང་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་པ་རེད།
         ཀྲུང་གོའི་ནང་སོག་གི་སོག་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་གྱི་འོས་འགན་སྨན་བཅོས་བྱེད་སྒོས་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་གྱི་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད། སོག་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་གྲགས་ཅན་གྱིས་དེ་གར་བདེ་ཐང་མཛུབ་ཁྲིད་དང་སྲོལ་རྒྱུན་གསོ་ཐབས་སོགས་མཁོ་འདོན་བྱས་པ་དང་། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ནང་སོག་སོག་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་ཕལ་ཆེར་ལོ་ལྟར་ཨུ་ལན་དཔའ་ཐུལ་དུ་འོས་འགན་སྨན་བཅོས་བྱེད་དུ་བསྐྱོད་པར་མོང་གོལ་རྒྱལ་ཁབ་ཀྱི་མི་སེར་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།