འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་18ཉིན།

༄༅།།གསོ་རླུང་ཉུང་བ་དང་བདེ་ཐང་ཚན་རིག་ཚོགས་ཆེན་སྐབས་དང་པོ་བོད་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་18ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན། གསོ་རླུང་ཉུང་བ་དང་བདེ་ཐང་ཚན་རིག་ཚོགས་ཆེན་སྐབས་དང་པོ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་དུ་འཚོགས་པ་རེད།
     ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་སློབ་ཚོགས་ཚན་སློབ་པུའུ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། ཀྲུང་གོ་སྐྱེ་དངོས་དངོས་ཁམས་རིག་གཞུང་སློབ་ཚོགས། ཀྲུང་གོ་ལུས་རྩལ་ཚན་རིག་རིག་གཞུང་སློབ་ཚོགས་བཅས་ཀྱིས་ཚོགས་ཆེན་གཙོ་གཉེར་བྱས་པ་རེད། ཀྲུང་གོ་ཚན་རིག་ཁང་དང་པེ་ཅིང་ལུས་རྩལ་སློབ་ཆེན་སོགས་རྒྱལ་ནང་གི་ཚན་ཞིབ་ལས་ཁུངས་12དང་། སློབ་ཆེན་15 སྨན་ཁང་3བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས། དུས་ཡུན་ཉིན་གསུམ་རིང་གསོ་རླུང་ཉུང་བ་དང་ལུས་རྩལ་སྦྱོང་བརྡར་དང་། གསོ་རླུང་ཉུང་བ་དང་གཅོང་ནད་འགོག་བཅོས། གསོ་རླུང་ཉུང་བ་དང་བདེ་ཐང་ཡུལ་སྐོར་སོགས་སྔོན་ཐོན་གྱི་ཞིབ་འཇུག་བྱ་གཞིར་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
     ད་དུང་དེ་ཉིན་གསོ་རླུང་ཉུང་བ་དང་ལུས་རྩལ་དང་། གསོ་རླུང་ཉུང་བ་དང་མངར་ཚིལ་འདོར་ལེན་གྱི་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་རེད། དེ་དང་དུས་མཚུངས་གསོ་རླུང་ཉུང་བ་དང་བདེ་ཐང་འཐབ་ཇུས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།