འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།རིག་གནས་དང་ཡུལ་སྐོར་པུས་ཀྲུང་གོའི་ཡུལ་སྐོར་བར་སུའེ་ཏེན་གྱི་ཉེན་རྟོག་པས་རྩུབ་སྤྱོད་བྱས་པའི་དོན་རྐྱེན་ལ་ཚད་མཐོའི་དོ་ཁུར་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་16ཉིན་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ཐོན་པའི་ཀྲུང་གོའི་ཡུལ་སྐོར་བར་སུའེ་ཏེན་གྱི་ཉེན་རྟོག་པས་རྩུབ་སྤྱོད་བྱས་པའི་དོན་རྐྱེན་ཐད། རིག་གནས་དང་ཡུལ་སྐོར་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། སུའེ་ཏེན་དུ་ཡོད་པའི་ཀྲུང་གོའི་ཡུལ་སྐོར་བའི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་ཚད་མཐོའི་དོ་ཁུར་བྱས་ནས། འབྲེལ་ཡོད་ཕྱིར་སྡོད་ཡུལ་སྐོར་དོན་གཅོད་ཁང་གིས་འཕྲལ་མར་གནས་ཚུལ་ཤེས་རྟོགས་དང་། སུའེ་ཏེན་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་ལ་གཞོགས་འདེགས་ཀྱིས་སུའེ་ཏེན་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་དོན་རྐྱེན་གྱི་གནས་ཚུལ་ངོ་མ་རྩད་ཆོད་མཐའ་གསལ་བྱེད་དགོས་པའི་སྐུལ་འདེབས་བྱས་ཡོད། 
         རིག་གནས་དང་ཡུལ་སྐོར་པུས་དྲན་སྐུལ་བྱེད་དོན། སུའེ་ཏན་དུ་ཡོད་པའི་ཀྲུང་གོའི་ཡུལ་སྐོར་བས་ངེས་པར་དུ་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་བདེ་འཇགས་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གལ་ཏེ་ཉེན་ཁ་འཕྲད་ཚེ་དུས་ཐོག་ཏུ་རང་ཉིད་གནས་སའི་ཡུལ་སྐོར་ཚོགས་པའི་སྣེ་ཁྲིད་པར་ཞུ་བའམ་ཡང་ན་སུའེ་ཏེན་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་ལ་འཕྲལ་མར་རོགས་རམ་ཐོབ་པའི་རེ་ཞུ་བྱེད་དགོས།