འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་17ཉིན།

༄༅།།ཀྲུང་གོ་དང་ཉི་ཧོང་མཉམ་འབྲེལ་རི་འཛེགས་རུ་ཁག་ཞོད་ལ་ཕུ་གངས་རིའི་རྩེ་རུ་འཛེགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་17ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་དང་ཉི་ཧོང་མཉམ་འབྲེལ་རི་འཛེགས་རུ་ཁག་ཞོད་ལ་ཕུ་གངས་རིའི་རྩེ་རུ་འཛེགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་15ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རི་འཛེགས་མཐུན་ཚོགས་ལས་ཤེས་རྟོགས་བྱུང་གསལ། ཀྲུང་གོ་དང་ཉི་ཧོང་གི་རི་འཛེགས་རུ་མིས་གྲུབ་པའི་མཉམ་འབྲེལ་རི་འཛེགས་རུ་ཁག་ཚེས་13ཉིན་གྱི་ཕྱི་དྲོར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6310ཡོད་པའི་ཞོད་ལ་ཕུ་གངས་རིའི་རྩེ་ལ་འཛེགས་པ་རེད། ཚེས་15ཉིན་རུ་མི་ཡོངས་བདེ་འཇགས་ངང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ཕྱིར་ལོག་པ་རེད། 
     ཞོད་ལ་ཕུ་གངས་རི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཕྱིང་ཐུལ་ཤང་གི་ལྷོ་ནས་སྤྱི་ལེ་27ཡོད་མཚམས་སུ་གནས་པ་དང་། དེ་ནི་གངས་ཏེ་སེའི་རི་རྒྱུད་ཤར་ཕྱོགས་ཀྱི་རི་ཞིག་ཡིན། འདིའི་སྔོན་དུ་རི་འདིའི་རྩེ་ལ་འཛེགས་མྱོང་མཁན་མེད།
     ཐེངས་འདིའི་རི་འཛེགས་ལ་བོད་ལྗོངས་ལུས་རྩལ་ཅུས་དང་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། རི་འཛེགས་ཀྱི་རིང་ལ། གཞིས་རྩེ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་བསོད་དབང་རི་འཛེགས་རུ་ཁག་གི་སྒར་ས་ཆེན་པོར་ཡོང་ནས་རུ་མི་ཚོར་འཚམས་འདྲི་ཞུས་ཤིང་། རུ་ཁག་ནས་རི་འཛེགས་ཤེས་བྱ་དང་ནུས་རྩལ་སློབ་སྦྱོང་བྱས་པ་དང་། མཐར་རུ་མི་12ཀྱི་ཆ་ཞིག་གི་ངོས་ནས་རི་རྩེར་འཛེགས་པ་རེད།
༄༅།།ཀྲུང་གོ་དང་ཉི་ཧོང་མཉམ་འབྲེལ་རི་འཛེགས་རུ་ཁག་ཞོད་ལ་ཕུ་གངས་རིའི་རྩེ་རུ་འཛེགས་པ།