འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།མཚོ་བྱང་ཀྲོའུ་ཡི་འདམ་ར་སྲུང་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་44.66ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས་《མཚོ་སྔོན་ཞིང་ཆེན་གྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག་》དང“སྣོད་བཅུད་སྲུང་སྐྱོང་སྔོན་དུ་བྱེད་པའི”རྩ་དོན་ལ་ནན་པོར་གཞིགས་ཏེ། ཀྲོའུ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། མིག་སྔའི་བར་ཀྲོའུ་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་44.66ཟིན་པའི་ནང་ཆུ་བོའི་འདམ་རར་སྤྱི་ཆིང་ཁྲི་6.26ཟིན་པ་དང་། མཚོའི་འདམ་རར་སྤྱི་ཆིང་ཁྲི་20.17ཟིན་པ། འདམ་རྫབ་འདམ་རར་སྤྱི་ཆིང་ཁྲི་18.14ཟིན་པ། མི་བཟོས་འདམ་རར་སྤྱི་ཆིང་ཁྲི་0.08བཅས་ཟིན་པས་འདམ་ར་སྲུང་སྐྱོང་གི་རྒྱ་ཁྱོན་ཞིང་ཆེན་དེ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད་པ་རེད།
         མཚོ་བྱང་ཀྲོའུ་ཡིས་འདམ་ར་སྤྱོད་ཡུལ་གྱི་དོ་དམ་ལམ་ལུགས་ནན་པོ་བཟོས་པ་དང་འདམ་རའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ཏེ། ཕྱོགས་མི་འདྲ་བའི་སྒོ་ནས་འདམ་ར་སོགས་སྣོད་བཅུད་སྲུང་སྐྱོང་གི་དོན་སྙིང་དང་རིན་ཐང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། “བྱ་རིགས་གཅེས་སྐྱོང་གཟའ་འཁོར”དང་། “བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་དྲིལ་བསྒྲགས་ཟླ་བ” “འཛམ་གླིང་གི་འདམ་རའི་ཉིན་མོ”སོགས་ཀྱི་གོ་སྐབས་སྤྱད་དེ་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་དང་། སློབ་གསོ། ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བས་འདམ་རའི་སྣོད་བཅུད་སྲུང་སྐྱོང་གི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་ཏུ་ཕྱིན་ཡོད། འདམ་རའི་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཚོད་ལྟའི་ས་ཚིགས་ལག་བསྟར་བྱས་ནས་མཚོ་སྔོན་པོའི་ཉེ་འགྲམ་གྱི་འདམ་རའི་སྣོད་བཅུད་སླར་གསོའི་རྒྱ་ཁྱོན་སྤྱི་ཆིང་1853ཟིན་པ་དང་། འདབ་ཆགས་གནས་སྤོའི་དུས་ཚིགས་ཀྱི་སྣོད་བཅུད་ཁ་གསབ་རྒྱ་ཁྱོན་སྤྱི་ཆིང་3880ཟིན་པ་དེས་འབྲོག་དུད་74ལ་ཕན་པ་ཐོབ་པ། མཚོ་སྔོན་པོ་སྲུང་སྐྱོང་ཁུལ་དང་དེ་བཞིན་ཉེ་འགྲམ་གྱི་སྤྱི་ལེ་1གི་ཁྱབ་ཁོངས་ནང་རྨོ་ཞིང་སྣོད་བཅུད་ཕན་འབྲས་ཁ་གསབ་རྒྱ་ཁྱོན་སྤྱི་ཆིང་1213ཟིན་པ། འདམ་ར་སྲུང་སྐྱོང་གི་བྱ་དགའི་ཚོད་ལྟ་བྱས་པས་འདམ་རའི་ཆུ་བྱ་ངལ་གསོ་ཡུལ་སྤྱི་ཆིང་120དང་མི་བཟོས་བྱ་ཚང་300སྲུང་སྐྱོང་བྱས་པ། འདམ་ར་སླར་གསོའི་ཆུ་རགས་ཀྱི་སྔོ་ཁེབས་སྤྱི་ཆིང་150སླར་གསོ་བྱུང་བ། མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭས་འདམ་ར་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་5.58ལེགས་གྲུབ་ཟིན་པ། འཁྱགས་རོམ་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་3600ཟིན་པ། ཆུ་འགོ་གཙོ་བོ་སྲུང་སྐྱོང་བྱེད་ཚད་སྤྱི་ཆིང་5400ཟིན་པ་བཅས་ལས་འདམ་ར་སྲུང་སྐྱོང་དང་། དོ་དམ། བེད་སྤྱོད་འོས་འཚམ་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། མདོ་ལ་རིང་མོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭས་འདམ་ར་སྲུང་སྐྱོང་བྱེད་ཚད་སྤྱི་ཆིང་ཁྲི་2.85གཙོ་གནད་ཐོག་ལེགས་གྲུབ་ཟིན་པར་མ་དངུལ་སྒོར་ཁྲི་1712བཏང་ཡོད་པ་རེད།