འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།“དབྱི་ཝུའུ་བ་གསར་པ”ཨ་མར་གྱིས་དར་གོས་ལམ་བུའི་རིག་གནས་ལ་བརྟེན་ནས་ཀྲུང་གོ་དང་
ཨ་རབ་རྒྱལ་ཁབ་དབར་མཛའ་གྲོགས་སྦྲེལ་ཟམ་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་དྲ་བའི་འཕྲིན། འདི་ལོ་ལོ་40ལ་སོན་པའི་ཨ་མར་ནི་ཡེ་མེན་གྱི་གྲོང་ཁྱེར་ཆུང་གྲས་དབྱི་པུ་ནས་ཡིན་ཞིང་། ལོ་13སྐབས་ཨ་མར་གྱི་ཕར་གློ་བུར་དུ་གྲིབ་སྐྱོན་ཕོག་པ་དང་ཀྲུང་གོའི་རོགས་སྐྱོར་སྨན་བཅོས་རུ་ཁག་གི་སྨན་པས་གསེར་ཁབ་ལ་བརྟེན་ནས་ཕའི་ནད་གཞི་སྨན་བཅོས་བྱས། དེ་ནས་བཟུང་ཨ་མར་གྱི་འདུན་པ་ཆེ་ཤོས་ནི་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་རྒྱུ་དེ་ཡིན་པས་ཁོང་གི་སེམས་སུ་ཐག་རིང་ཤར་ཕྱོགས་སུ་སྐྱོད་པའི“དར་གོས་ལམ་བུ”ཞིག་ཆགས།
            1996ལོར་ཨ་མར་མཐོ་རིམ་སློབ་གྲྭ་ཐོན་རྗེས་སྦྱངས་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཡེ་མེན་སྲིད་གཞུང་གིས་ཀྲུང་གོའི་ཧྲན་ཏུང་སློབ་ཆེན་དུ་རྒྱ་སྐད་སློབ་སྦྱོང་བྱེད་པར་བཏང་། ལོ་གཉིས་ཀྱི་རྗེས་སུ་ཁོ་པ་ཐེན་ཅིན་གསོ་རིག་ཚན་རྩལ་སློབ་ཆེན་དུ་དངོས་གཞིའི་ཚན་ཁག་དང་དབང་རྩའི་ཕྱི་ཚན་གྱི་རབ་འབྱམས་པའི་སློབ་གནས་ལ་རྒྱུགས་འཕྲོད་པ་དང་དེ་རྗེས་ཡང་ཀྲེ་ཅང་སློབ་ཆེན་དུ་གསོ་རིག་གི་འབུམ་རམས་པའི་སློབ་གནས་ལ་རྒྱུགས་འཕྲོད། 2009ལོར་ཨ་མར་སྐབས་གཉིས་པའི“རྒྱ་སྐད་སྦྲེལ་ཟམ”གྱི་ཀྲུང་གོར་ཡོད་པའི་ཕྱི་སྦྱོང་སློབ་མའི་རྒྱ་སྐད་འགྲན་བསྡུར་ནང་སྤྱིའི་སྐར་གྲངས་ཨང་དང་པོའི་གྲུབ་འབྲས་ཐོག་ནས་འགྲན་བསྡུར་གྱི“གསེར་གྱི་བྱ་དགའ”ཐོབ་པ་རེད།
         2013ལོར་ཨ་མར་དབྱི་ཝུའུ་རུ་ཚོང་གཉེར་ལས་གཏོད་བྱེད་པར་འོང་། ཁོང་ཚོང་རྒྱག་མཁས་ལ“ཁ་དན་ཚིག་གནས”ཡོད་སྟབས་ཚོང་གི་ལམ་བུ་ཇེ་ཡངས་སུ་སོང་ནས་དབྱི་ཝུའུ་གྲོང་ཁྱེར་གྱི་ཁག་དང་པོའི“ཁ་དན་ཚིག་གནས་ཀྱི་ཚོང་པ་ཡག་ཤོས་བཅུའི”ནང་ཚུད་ཡོད། 2017ལོར་ཨ་མར་བསྐྱར་དུ་སྨན་པ་བྱས་པས་དབྱི་ཝུའུ་གྲོང་ཁྱེར་ཁྲིའོ་ཀྲོའུ་སྨན་ཁང་གི་ཕྱི་རྒྱལ་སྐུ་མགྲོན་གྱི་སྒོ་བསྟེན་སྨན་ཁང་གི་གཙོ་བཅོས་སྨན་པ་དཀའ་བཅུ་པར་གདན་ཞུ་བྱས་པས་སྙན་གྲགས་ལ་ཡིད་སྨོན་བྱེད་པའི་ནད་པ་མང་པོ་ཁོང་གི་སར་ནད་བལྟ་བར་ཡོང་གི་ཡོད།
         ད་ཆ་ཨ་མར་ནང་མི་ཚང་མ་དབྱི་ཝུའུ་རུ་གཞིས་ཆགས་པ་དང་ཁོང་གི་བུ་གཉིས་ཀ་ས་གནས་དེ་གའི་སློབ་ཆུང་དུ་སློབ་གྲྭ་འགྲིམ་བཞིན་ཡོད། ཁོང་གིས་ནང་མི་ཚང་མ“དབྱི་ཝུའུ་བ་གསར་པར”གྱུར་པར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། 2015ལོའི་ལོ་མཇུག་ཏུ་སྲིད་གཞུང་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད། ཨ་མར་གྱིས་སྤྱི་ཕན་རྩ་འཛུགས“དར་གོས་ལམ་བུའི་རིག་གནས་སྤྲོ་སྐྱིད་པུའུ”བཙུགས་པ་དང་འབྲེལCEOཡང་བྱས། མིག་སྔར“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་25ཡི་ཚོང་པ་100ལྷག་སྤྲོ་སྐྱིད་ཁང་ནང་ཞུགས་ཡོད། རྒྱུན་དུ་ཁོང་གིས་ཚང་མར་ཀྲུང་གོའི་ཇའི་བྲོ་བ་མྱོང་བ་དང་། ཀྲུང་གོའི་དུས་ཆེན་གཏོང་བ། ཀྲུང་གོའི་རིག་གནས་སློབ་སྦྱོང་བཅས་བྱ་རྒྱུ་སྒྲིག་འཛུགས་བྱེད་ཀྱི་ཡོད་ལ་ཨ་རབ་རྒྱལ་ཁབ་ཀྱི་གྲོགས་པོ་དབྱི་ཝུའུ་རུ་ཚོང་དོན་འགྲེམས་ཚོགས་ནང་ཞུགས་རྒྱུར་གདན་ཞུ་ཡང་བྱེད་ཀྱི་ཡོད། “ངས་དར་གོས་ལམ་བུའི་རིག་གནས་ལ་བརྟེན་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཛའ་གྲོགས་སྦྲེལ་ཟམ་འཛུགས་རྒྱུ་ཡིན”ཞེས་ཨ་མར་གྱིས་བཤད།