འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་16ཉིན།

༄༅།།ཧྥི་ལི་ཕིན་གྱི་གྲོས་ཚོགས་འོག་མའི་གྲོས་དཔོན་ཨ་ལུའོ་གཡོད་ཀྱིས“རྒྱུད་གཅིག་ལམ་གཅིག”ཤུགས་རྐྱེན་ཆེ་བ་དང་
ཧྥི་ལི་ཕིན་ལ་ཕན་པ་མང་པོ་ཐོབ་ཡོད་ཅེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་16ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་དྲ་བའི་འཕྲིན། “དེང་གི་དུས་རབས་སུ་ང་ཚོས་ཚན་རྩལ་དང་དྲ་སྦྲེལ་སོགས་མཉེན་ཆས་འཛུགས་སྐྱོང་ལ་དོ་སྣང་བྱེད་དགོས་ཁར་གཞུང་ལམ་དང་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་མཁྲེགས་ཆས་འཛུགས་སྐྲུན་ཡང་བྱེད་དགོས་པ་དང་། ‘རྒྱུད་གཅིག་ལམ་གཅིག’གིས་ཧྥི་ལི་ཕིན་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཐག་གཅོད་ཀྱི་ཇུས་གཞི་མཁོ་འདོན་བྱེད་བཞིན་ཡོད་པ་དང་འབྲེལ་རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་ལ་སྐུལ་མའང་གཏོང་གི་ཡོད”ཅེས་ཧྥི་ལི་ཕིན་གྱི་གྲོས་ཚོགས་འོག་མའི་གྲོས་དཔོན་ཨ་ལུའོ་གཡོད་ཀྱིས་ཚེས་8ཉིན་ཀོང་ཤིས་ནན་ཉིང་དུ་2018ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཧྲི་ཀྲང་གླེང་སྟེགས་སུ་ཞུགས་སྐབས་དེ་ལྟར་བཤད་པ་རེད།
           “དུས་རབས་གོང་མའི་ལོ་རབས་བདུན་ཅུ་པར་ང་ཀྲུང་གོར་ཐོག་མར་སླེབས་དུས་མཐོང་བ་དང་བསྡུར་ན། ཀྲུང་གོའི་འཕེལ་རྒྱས་ནི་ཧང་སངས་དགོས་པ་ཞིག་འདུག”ཅེས་ཨ་ལུའོ་གཡོད་ཀྱིས་བརྗོད་ཅིང་། ཁོང་གིས། སྔོན་ཆད་ཀྱི་ལོ་40ཡི་རིང་། ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ངོས་ནས་ཀྲུང་གོས་ཟམ་མི་ཆད་པར་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ཀྲུང་གོའི་འཕེལ་རྒྱས་ལས་འཛམ་གླིང་ལ་ཕན་པ་འདོགས་བཞིན་ཡོད་པ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་ལམ་རྒྱུད་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚན་རྩལ་འཕེལ་རྒྱས་སོགས་ལ་སྟབས་བདེ་བསྐྲུན་པ་མ་ཟད་འཛམ་གླིང་གི་དཔལ་འབྱོར་འཕར་བའི་རམ་འདེགས་ཡོ་བྱད་ལྟ་བུར་འགྱུར་རྒྱུ་རེད་ཅེས་བཤད།
           ཨ་ལུའོ་གཡོད་ཀྱིས། མིག་སྔར། ཧྥི་ལི་ཕིན་གྱི་མཱ་ནི་ལ་དང་སུའུ་ཝུའུ་སོགས་གྲོང་ཁྱེར་གལ་ཆེན་དུ་ཀྲུང་གོའི་ནན་ཉིང་དང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་ས་གནས་མང་པོའི་ཐད་གཏོང་མཁའ་ལམ་བཏོད་ཡོད། ཀོང་ཤིས་བྱང་རྒྱུད་ཀྱི་གྲུ་ཁ་དང་ཞ་མོན་གྲུ་ཁ། ཧྲང་ཧའེ་གྲུ་ཁ་སོགས་སུ་ཧྥི་ལི་ཕིན་ལ་སྐྱོད་པའི་མཚོ་ཐོག་གི་ཐད་སྐྱོད་མཚོ་ལམ་བཏོད་ཡོད་པས་ཕྱོགས་གཉིས་ཀྱི་མཉམ་སྦྲེལ་འབྲེལ་མཐུད་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་ཅེས་བརྗོད་པ་རེད།