འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།ཀན་ལྷོ་ཀྲོའུ་ཅོ་ནེ་རྫོང་གི་གཉེར་སྐྱོང་བྱེད་པོ་གསར་པས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རོགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། ཀན་སུའུ་དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལས་སྣོན་དང་ཕྱིར་ཚོང་གཞི་གཅིག་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་པོ་མེད་པ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དམའ་བ། གཉེར་སྐྱོང་བྱེད་པོ་གསར་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཞན་པ་བཅས་ཀྱི་འཇུར་མིག་མེད་པ་བཟོ་བ་དང་ཞན་ཆ་གསབ་ཆེད། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཅོ་ནེ་རྫོང་གིས་ཞིང་ཆེན་དེ་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་པ་དང་སི་ཁྲོན་སོགས་ཀྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་། རྣམ་གྲངས་ཀྱི་རོགས་སྐྱོར། ལག་རྩལ་གྱི་ཞབས་ཞུ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དུད་ཚང་དབུལ་པོའི་ཁེ་ཕན་ཟུང་འབྲེལ་ལམ་སྲོལ་དང་མཉམ་སྤྱོད་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
               རྫོང་དེས་ཀན་ལྷོའི་པའེ་ཚའོ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་ཤིས་ཀྲེང་ཁའེ་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཏེ་ཡུལ་དེར་སྨན་རྩྭ་ལས་སྣོན་དང་། ཞིང་འབྲོག་ལས་ཀྱི་ཞིང་རའི་ཕྱོགས་བསྡུས་མ་ལག དེང་རབས་ཞིང་ལས་ཚད་ལྡན་ཅན་གྱི་སྒྲིག་ཆས་ལ་བརྟེན་ནས་འདེབས་འཛུགས་དང་གསོ་ཚགས་ཀྱི་ཚན་རྩལ་དཔེ་སྟོན་གླིང་། མུའུ་ཁྲིའི་སྤུས་ལེགས་གཟན་རྩྭའི་ཐོན་སྐྱེད་རྟེན་གཞི། ལས་སྣོན་བཟོ་གྲྭ་བཅས་བསྐྲུན་རྒྱུར་མ་དངུལ་གཏོང་རྒྱུའི་གྲོས་མོལ་བྱས་པ་དང་། ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་སོགས་ཀྱི་བྱེད་སྟངས་བརྒྱུད་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་དང་ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་རྫོང་དེ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་གསོན་ཤུགས་གསར་པ་བསྣན་ཡོད། “ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར(མཉམ་ལས་ཁང) ཞིང་འབྲོག་དུད”བཅས་ཟུང་འབྲེལ་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་ནས་གཉེར་སྐྱོང་བྱེད་པོ་གསར་པས་དུད་ཚང་དབུལ་པོ་དང་ཁེ་ཕན་ཟུང་འབྲེལ་བྱ་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱས་པ་དང་། མ་རྐང་འཇོག་པ་དང་མ་རྐང་བགོ་བཤའ་དང་གྲོས་མཐུན་མཉམ་ལས་ཀྱི་བྱེད་སྟངས་བརྒྱུད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ཡོད། མཉམ་ལས་ཁང་གི་རོགས་སྐྱོར་དང་ཐེན་ཅིན་གྱི་ཁ་གཏད་རོགས་སྐྲུན་སོགས་རྣམ་གྲངས་ཀྱི་མ་དངུལ་གང་ལེགས་སྤྱད་དེ་གཉེར་སྐྱོང་བྱེད་པོ་གསར་པའི་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་ཐོན་སྐྱེད་གཉེར་སྐྱོང་ལ་རོགས་སྐྱོར་དང་མཛུབ་ཁྲིད་བྱས་པ་དང་མ་དངུལ་ལས་ཐོན་པའི་རྒྱུ་ནོར་ལ་རོགས་སྐྱོར་བྱས་ཏེ་དུད་ཚང་དབུལ་པོར་70%ཡན་གྱི་མ་རྐང་ཚད་འབེབས་བྱས་པ་རེད།