འཚོལ་བཤེར།   
藏文频道
2018ལོའི་ཟླ་9ཚེས་15ཉིན།

༄༅།།“ཀྲུང་ཧྭའི་མཆོག་ནོར”ཞེས་པའི་ཀྲུང་གོའི་རིག་དངོས་འགྲེམས་སྟོན་ཆེན་པོ་སོ་ཏི་ཨ་རབ་ཏུ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་15ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
           མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན་ཀྲུང་གོ་རྒྱལ་ཁབ་རིག་དངོས་ཅུས་དང་སོ་ཏི་ཨ་རབ་ཡུལ་སྐོར་དང་མི་རིགས་ཤུལ་བཞག་རྒྱུ་ནོར་སྤྱི་ཁྱབ་སྒྲིག་གཞིས་གཙོ་གཉེར་བྱས་པའི“ཀྲུང་ཧྭའི་མཆོག་ནོར”ཞེས་པའི་རིག་དངོས་འགྲེམས་སྟོན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་ཤིང་། དེ་ནི་ཀྲུང་གོའི་རིག་དངོས་གཞི་ཁྱོན་ཆེན་པོའི་ངང་སོ་ཏི་ཨ་རབ་ཏུ་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་དང་དེའི་ཁྲོད་ཀྱི་འགྲེམས་དངོས་ཕྱེད་ཀ་ཙམ་ནི་རྒྱལ་མཚམས་ནས་སྒྲོལ་ཐེངས་དང་པོ་ཡིན་པ་རེད།